སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་གཞིས་མངའ་རིས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་དམངས་འཚོའི་ལས་གཞིར་རྩིས་ནས།  སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཕན་ནུས་ཐོན་རྒྱུར་འདེགས་སྐྱོར་ཧུར་ཐག་བྱས་པ་དང་།  ས་ཁུལ་མི་དམངས་སྨན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པས་ལག་རྩལ་གསར་པ་མང་པོ་ཞིག་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཡོད་པ་རེད། 

ད་བར་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ལེགས་སྒྲུབ་ལྡན་པའི་ངང་མངའ་རིས་ས་ཁུལ་དུ་ཀླད་པ་གཤག་བཅོས་ཐོག་མ་དང་དཔྱི་ཚིགས་བརྗེ་པོ་རྒྱག་པ་སོགས་རིགས་ཁག་གི་གཤག་བཅོས400ཙམ་བྱས་པ་དང༌།  ས་ཁུལ་མི་དམངས་སྨན་ཁང་གི་སྤྱིའི་ནད་བརྟག་སྨན་བཅོས་བྱེད་ཚད་མི་ཐེངས18.4འཕར་བ་དང་སྨན་བཅོས་ལས་སྒོ36.6%འཕར་ཞིང་ས་ཁུལ་དེ་ཡོངས་ཀྱི་སྦྲུམ་མ་ཤི་ཚད20%ཉུང་དུ་ཕྱིན་ཡོད།  གཅིག་གཏད་གཅིག་དང་གཅིག་གཏད་མང་པོ་སོགས་རོགས་སྐྱོར་དང་སློབ་ཁྲིད་རྣམ་པའི་ཐོག་ནས་མངའ་རིས་ས་ཁུལ་ལ་སྨན་བཅོས་རྐང་འཛིན་པ35གསོ་སྐྱོང་བྱས་པ་རེད། 
         ཉེ་བའི་ལོའི་ནང༌།  མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧོ་པེ་དང་ཟན་ཞི་ཞིང་ཆེན་གྱིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།  སྨན་བཅོས་ལག་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྣམ་གྲངས་དང་མ་དངུལ།  ཤེས་ལྡན་པ།  ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་ཡོངས་ནས་ས་ཁུལ་མི་དམངས་སྨན་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།  ཡུན་རིང་སྨན་བཅོས་བོད་སྐྱོར་དང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་པའི་རྨང་གཞིའི་ཐོག  ཞིང་ཆེན་དེ་གཉིས་3440བཏང་ནས་མངའ་རིས་ཀྱི་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྩིས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།