​ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཆེད་ལས་སྦྱོང་བརྡར་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ།

W020170105587456920997 (1).jpg

ལས་རིགས་ལག་རྩལ་སྣ་ཚོགས་སྦྱོང་བརྡར་སྤེལ། མ་འོང་བདེ་སྐྱིད་འཚོ་བའི་ཕུག་འདུན་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོར།  ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ལག་བསྟར་རང་བཞིན་གྱི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱག་པ་དང་བེད་སྤྱོད་རང་བཞིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་དམིགས་ནས།  སློབ་གྲྭར་ཤེས་ལྡན་མི་སྣས་ཁེངས་པ་བྱེད་རྒྱུ་དང་ཚན་རིག་ཞིབ་འཇུག་ལྡན་པའི་སློབ་གྲྭ་གཏོད་རྒྱུའི་འཐབ་ཇུས་ལག་བསྟར་ཧུར་ཐག་བྱས་ནས།  སློབ་མར་ཆེད་ལས་རྩལ་ནུས་སྦྱང་བརྡར་སྤྲོད་རྒྱུར་དམ་འཛིན་བྱས་ཡོད།  ཤིང་བཟོ་ཤིང་དཀྲོལ་དང་བོད་སྨན་བཟོ་ལས།  ཐང་གའི་རི་མོ།  མགྲོན་ཁང་ཞབས་ཞུ།  ཚེམ་བཟོའི་ལག་རྩལ་སོགས་ཀྱི་སྦྱོང་བརྡར་འཁོར་ཁང8དང་སྦྱོར་བརྡར་ཁང7བཙུགས་ནས།  སློབ་མ་ཚོར་སྦྱོང་བརྡར་རྒྱ་ཆེན་པོ་སྤྲོད་རྒྱུའི་དགོས་མཁོ་སྐོང་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།