ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ས་གཙང་ཐོན་ལས་སྤེལ་མགྱོགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ལས་ཀ་སྒྲུབ་ཤུགས་སྔར་བས་ཆེ་རུ་དང་ས་གཙང་སྐྱོན་བྲལ་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། ས་གཙང་སྐྱོན་བྲལ་ཐོན་ལས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་གཞི་རྟེན་གལ་ཆེན་དུ་གཏོད་རྒྱུའི་འགན་ལེན་བྱས་པ་རེད།

གཅིག་ནི་ཁྱད་ལྡན་གསོ་སྤེལ་ལས་རིགས་སྟོབས་ཆེར་བཏང་བ། སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་བྱ་དང་། ཁྲུང་ཁྲུང་མགོ་ཁྲ། བཞོན་མ་བཅས་གསོ་སྤེལ་གཙོ་བོར་བྱེད་པའི་གསོ་སྤེལ་རྟེན་གཞི་བསྐྲུན་པ་རེད། ལོ་མཇུག་ཏུ་སླེབས་སྐབས་ཁྲུང་ཁྲུང་མགོ་ཁྲ་དང་བོད་བྱ་གསོ་ཚགས་ཀྱི་གཞི་ཁྱོན་སོ་སོར་ཁྲི1.8དང་ཁྲི7ཟིན་པ་དང་། དཔེ་སྟོན་ཁུལ1མང་དུ་དང་ཁྱད་ལྡན་ཡུག་སྦྲེལ་ཁུལ2གསར་སྐྲུན་བྱས་པ་རེད།

གཉིས་ནི་ཞིང་འབྲོག་ཐོན་ཟོག་ལས་སྣོན་ཟབ་མོའི་ལས་རིགས་སྟོབས་ཆེར་བཏང་བ། ལྷ་ས་གྲོང་ཨུད་ཀྱིས་བཏོན་པའི“ཁྱོན་ཡོངས་ནས་ཁྱབ་པ་གསུམ”གྱི་བླང་བྱ་དང་ཟུང་འབྲེལ་གྱིས་ཞིང་འབྲོག་ཐོན་ཟོག་ཞིབ་ཚགས་ལས་སྣོན་བྱེད་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་རེད། འབྲི་གུང་དཀར་ཞག་སྣུམ་ཐོན་སྐྱེད་ལག་རྩལ་ནུས་པ་ཆེ་རུ་བཏང་ནས་ལོ་མཇུག་ཏུ་སླེབས་སྐབས་སྣུམ་ལས་སྣོན་མཉམ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2000ཐོབ་རྒྱུའི་བརྩོན་ལེན་བྱས་པ་དང་། ནང་སའི་སྨན་རྫས་ཁེ་ལས་དབར་མཉམ་ལས་གཏིང་ཟབ་ཀྱིས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.4ཡི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

གསུམ་ནི་ས་གཙང་ཐོན་ལས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་ལ་སྐུལ་ཁྲིད་བྱས་པ། ས་གཙང་སྐྱོན་བྲལ་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་བྱས་ནས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་། དམངས་ཁྲོད་ཀྱི་གོ་མཚོན་རྟེན་རྫས་ཁང་། ཧོར་ཁང་གཞིས་ཀ་བཅས་གཙོ་གནད་དུ་བྱས་ཏེ། རྒྱ་མ་ཤང་གི་ད་ཡོད་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་དང་ཟུང་འབྲེལ་གྱིས་ས་ཞིང་བརྒྱུད་བཤུག་སྲིད་ཇུས་གང་ལེགས་སྤྱད་པ་དང་། རྒྱ་མ་ཤང་གི་ལུང་མདའ་གྲོང་ཚོ་དང་ཁྲི་ཁང་གྲོང་ཚོའི་རྨོ་ཞིང་མུའུ6000ལ་མལ་གྲོའི་པད་ཆུང་བཏབ་ནས་ས་གཙང་ཐོན་ལས་དང་། ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།