བོད་ལྗོངས་དཔེ་མཛོད་ཁང་གིས་སྤྱི་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་གབ་ཚིག་ལན་འདེབས་ཀྱི་བྱེད་སྒོ་སྤེལ་བ།

W020161229368135994767.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  རིག་གནས་ཀྱི་ཁོར་ཡུག་བཟང་པོ་དང་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད།  སྤྱི་ཟླ12པའི་ཚེས26ཉིན་ནས་ཚེས30ཉིན་བར།  བོད་ལྗོངས་དཔེ་མཛོད་ཁང་གིས་སྤྱི་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་གབ་ཚིག་ལན་འདེབས་ཀྱི་བྱེད་སྒོ་སྤེལ་བ་དང་།  ད་ཐེངས་ཀྱི་བྱེད་སྒོའི་ནང་གབ་ཚིག200ཙམ་ཡོད་པ་དེ་དག་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ལ་ནང་དོན་ཡང་ཤེས་བྱ་དང་བལྟ་ཉན་སྤྲོ་བ་གཉིས་ཀ་ལྡན་པ།  འཚོ་བ་དང་ཐག་ཉེ་ལ་རིག་གནས་ཀྱི་རྣམ་པ་ཡང་ཕུན་སུམ་ཚོགས་པོ་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།