ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ལ་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་སྐྱིད་ཆུའི་ཐོག་གི་ཆུ་སྒོ་ཨང་གསུམ་པ་དང་ལྷོ་རིའི་སྔོ་ལྗང་ལས་གཞི་ལག་བསྟར་བྱས་རྗེས།  གཙང་པོ་མཚེའུར་འགྱུར་བ་དང་རི་སྟེང་ཤིང་འཛུགས་ནགས་བཟོའི་སྐྱེ་ཁམས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པས། ལྷ་ས་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་དེ་ཉེ་ཆར་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་མཁན་ཁག་བཅུ་དྲུག་པའི་གྲས་སུ་ཚུད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་སྐྱིད་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་ནང་ད་དུང་སྐྲུན་བཞིན་པའི་ཆུ་སྒོ་ཨང་གཉིས་པ་དང་ཨང་བཞི་པ།  དེ་བཞིན་འཆར་གཞིའི་ནང་བཅུག་ནས་ད་ཆ་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་སྤྱི་གླིང་ཁག་ལྔ་བཅས་ཚུད་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།