ཆེ་དགྲ་ལྷ་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། ཏེང་ཡེ་ཤན། བསྟན་ཁོ། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ་བཅས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོགས་པ་ཁག་གི་གྲོས་བསྡུར་ནང་སོ་སོར་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་ཚོགས་ཆུང་ཁག་བགོས་གྲོས་བསྡུར་བྱས་ཚུན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ཆེ་དགྲ་ལྷ་དང་།ནོར་བུ་དོན་གྲུབ། རྡོ་ཐོགས། ཏེང་ཡེ་ཤན། བསྟན་ཁོ། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ་བཅས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་པ་རེད།

ཆེ་དགྲ་ལྷ་ལྷ་སའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེའི་སྙན་སྒྲོན་དུ་ཕྱོགས་སྡོམ་གྲུབ་འབྲས་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་མངོན་པ་དང་། བཏོན་པའི་གནད་དོན་དངོས་ཐོག་བདེན་འཚོལ། གནད་དོན་དབྱེ་ཞིབ་བྱེད་པའི་ཐད་ཚན་རིག་དང་མཐུན་ལ་ཡང་དག་པ། ལས་དོན་བཀོད་སྒྲིག་བྱེད་པའི་ཐད་གཙོ་གནད་མངོན་གསལ་དོད་པ། དམངས་འཚོར་དོ་ཁུར་བཅས་བྱས་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། ལག་ལེན་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་ངེས་པར་དུ་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ནོར་བུ་དོན་གྲུབ་ཆབ་མདོའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་དུ་དར་ཆ་གསལ་སྟོན་དང་། ཁྱད་ཆོས་མངོན་གསལ་དོད་པ། བརྩེ་སེམས་ཟབ་པ་བཅས་ཡོད་པས། ཏང་ལ་བློ་དཀར་སེམས་དཀར་དང་མ་འོངས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། གཅིག་ནས་ནང་དོན་ཁ་གསལ་ལ་སྙིང་པོ་བསྟན་ཏེ་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བློ་ཐག་ཆོད་པའི་རྣམ་འགྱུར་མངོན་ལ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བསམ་པ་རྣམ་དག་བྱས་པ་ཡང་མངོན་ཡོད། གཉིས་ནས་གཙོ་རྐང་གསལ་པོ་མངོན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མངོན་པ་མ་ཟད། ཆབ་སྲིད་ཐད་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། གསུམ་ནས་ཕྱོགས་སྡོམ་ལས་དོན་དོན་དངོས་དང་མཐུན་པ་དང་། ཕྱོགས་ཡོངས་མངོན་པ། བཀྲག་མདངས་འཚེར་ས་མང་བ་བཅས་ཡོད་ཁར་སྲིད་ཇུས་བྱེད་ཐབས་ཁག་ཁྱབ་རྒྱ་ཆེ་བ་དང་དོན་དངོས་དང་མཐུན་པ་བཅས་ཡོད་ཅེས་གསུངས་པ་རེད།

རྡོ་ཐོགས་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་གཉིས་པའི་ཚོགས་ཆུང་དང་པོའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེའི་སྙན་སྒྲོན་གྱི་བསམ་ཕྱོགས་ཁ་གསལ་བ་དང་། དམིགས་ཚད་ཁ་གསལ་བ། བྱེད་ཐབས་ཞིབ་ཚགས་པ་བཅས་ཡོད་པའི་ཐོག“འདུ་ཤེས་བཞི”དམར་ཐིག་ཏུ་བྱས་ཏེ་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཁྱབ་པས་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན་ཆེན་པོ་ལྡན་ཡོད། སྙན་སྒྲོན་ནང་། འདས་ཟིན་པའི་ལོ་ལྔའི་ལས་ཀའི་གྲུབ་འབྲས་ལ་ཁྱོན་ཡོངས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་འབྲེལ། སླད་ཕྱིན་ལོ་ལྔའི་འཕེལ་རྒྱས་ཐད་བསམ་བློའི་ཁྲིད་སྟོན་ཁ་གསལ་བ་དང་། དམིགས་ཚད་ལས་འགན་ཁ་གསལ་བ། ཞིབ་ཕྲའི་བྱེད་ཐབས་ནུས་ལྡན། ལས་ཀའི་བཀོད་སྒྲིག་ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཡོད་ཅེས་གསུངས་པ་རེད།

ཏེང་ཡེ་ཤན་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་གཉིས་པའི་ཚོགས་ཆུང་གཉིས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། ང་ཚོས“འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། “ངེས་པར་དུ་བརྒྱད”ཀྱི་རྩ་ཆེའི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པ། “དུས་མཚམས་བཞི”དང“ཆེ་ཤོས་བདུན” “འགྱུར་ལྡོག་གསར་པ་བརྒྱད”བཅས་ལ་གོ་བ་གཏིང་ཟབ་ལེན་པ། སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་སྟངས་འཛིན་གཏིང་ཟབ་བྱེད་པ། “བློ་བརྟན་འགྱུར་མེད་གསུམ”གྱི་ལས་ཀའི་གཙོ་གནད་སྟངས་འཛིན་ཡང་དག་བྱེད་པ། “ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི”གཞི་རྩའི་འགན་ལེན་དེར་གོ་བ་ཡང་དག་ལེན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

བསྟན་ཁོ་ཉིང་ཁྲིའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེས་གནང་བའི་སྙན་སྒྲོན་ནི་ལས་དོན་ལ་ཕྱོགས་སྡོམ་དང་ཡིད་ཆེས་འཕེལ་བ་བྱེད་པའི་སྙན་སྒྲོན་ཞིག་རེད་ལ། དུས་བབ་ལ་དབྱེ་ཞིབ་དང་ངེས་ཤུགས་ཆེ་རུ་གཏོང་བའི་སྙན་སྒྲོན་ཞིག་དང་ལས་འགན་བཀོད་སྒྲིག་དང་ཡིད་ཆེས་བརྟན་དུ་གཏོང་བའི་སྙན་སྒྲོན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

ཝང་རུའེ་ལེན་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་གཉིས་པའི་ཚོགས་ཆུང་གཉིས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེས་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན་ལ་སློབ་སྦྱོང་ནན་ཏན་བྱས་པ་བརྒྱུད། སྙན་སྒྲོན་ནང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག བརྩི་སྲུང་བཅས་ཞུ་བ་གསལ་པོ་མངོན་ལ། ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་དང་ཧུར་བརྩོན་རྒྱལ་སྐྱོང་གི་འགན་འཁྲིའི་བསམ་བློ་མངོན་བཞིན་ཡོད་པ་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད།

ཝང་གཡུང་ཅུན་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་དང་པོའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེས་གནང་བའི་སྙན་སྒྲོན་ནང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དོན་འཁྱོལ་དང་། རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། དེས་ན་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ཤུགས་ཆེ་རུ་གཏོང་བའི་ཁར། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དེ“ནན་པོ་དང་། ཏན་ཏིག འགྱུར་མེད”བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོར་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས་ཞེས་གསུངས་པ་རེད།

ཙེང་དབན་མིང་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་གཉིས་པའི་ཚོགས་ཆུང་གཉིས་པའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། སྙན་སྒྲོན་ནང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཐད་ཚད་བརྒལ་གསར་པ་ལྡན་ལ། འཕེལ་རྒྱས་དམིགས་ཚད་ཐད་འཆར་གཞི་གསར་པ་ལྡན་པ་མ་ཟད། ད་དུང་ལས་དོན་བཀོད་སྒྲིག་ཐད་བྱེད་ཐབས་གསར་པའང་ཡོད་པས་དེ་ནི་ཀྲུང་དབྱང་གི་མངགས་བཅོལ་སེམས་ནང་འཇོག་པ་དང་། དུས་རབས་ཀྱི་འབོད་སྐུལ་ལ་བརྡ་ལན་ཞུ་བ། མང་ཚོགས་ཀྱི་རེ་འདུན་སྒྲུབ་པའི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།

ཅང་ཅེ་རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་འཐུས་མི་ཚོགས་པ་དང་པོའི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ནང་ཞུགས་སྐབས། བློ་མཐུན་ཝུའུ་དབྱིང་ཅེས་གནང་བའི་སྙན་སྒྲོན་ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་རྦད་དེ་ཁྱབ་ནས། ལྗོངས་ཏང་ཨུད་ཀྱི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཆེན་པོ་གང་ལེགས་མངོན་ཡོད། དེ་ནི་སྙན་སྒྲོན་གྱི་གསོན་ཉམས་དོད་པའི་ཁྱད་ཆོས་རེད་ལ། སྙིང་པོའང་རེད། སྙན་སྒྲོན་ནང་སླད་ཕྱིན་ལོ་5ཡི་ལས་དོན་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་ཐད་ནན་བཤད་བྱས་ཏེ“འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་བདེ་འཇགས་ཡོང་བའི་འགན་ལེན”བྱས་ཡོད། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།