མངའ་རིས་ས་ཁུལ་གྱིས“བོད་ནུབ་ཀྱི་གདོང་ལེན། གསར་བརྗེ་ཡི་མངའ་རིས”ཞེས་པའི་ཏང་འཛུགས་སྤུས་རྟགས་གཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མངའ་རིས་ས་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས་མངའ་རིས་ས་ཁུལ་གྱིས“བོད་ནུབ་ཀྱི་གདོང་ལེན། གསར་བརྗེ་ཡི་མངའ་རིས”ཞེས་པའི་ཏང་འཛུགས་སྤུས་རྟགས་གསར་གཏོད་བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ནུབ་ཀྱི་གདོང་ལེན། གསར་བརྗེ་ཡི་མངའ་རིས”ཞེས་པའི་ཏང་འཛུགས་སྤུས་རྟགས་གསར་གཏོད་བྱེད་སྒོའི་སྤྱིའི་བསམ་ཕྱོགས་དེས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་བསྟུན་པ། ཏང་གི་སྲིད་འཛིན་ནུས་པ་དང་། སྔོན་ཐོན་རང་བཞིན། དྭངས་གཙང་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། བྱང་ཚད་མཐོར་གཏོང་དང་། རྨང་གཞིར་ཤུགས་སྣོན། རྩ་འཛུགས་ཚད་ལྡན། ཏང་དར་ཁྲིད་སྟོན། ཐོན་ལས་དབུལ་སྐྱོར། བོད་ནུབ་དར་ཆ། སྲིད་བརྩོན་སྤྱོད་གཙང་། ཏང་དམངས་མཉམ་སྐྲུན་བཅས་ཀྱི་འདུ་འགོད་བརྒྱད་ལག་བསྟར་ཤུགས་ཆེན་བྱེད་པ། སློབ་སྦྱོང་རྣམ་པ་དང་། མཁར་རྫོང་རྣམ་པ། ཕན་ནུས་རྣམ་པ། ཞབས་ཞུ་རྣམ་པ། འགག་སྒྲོལ་རྣམ་པ། སྔོན་གཏོད་རྣམ་པ། སྤྱོད་གཙང་རྣམ་པ། མཉམ་གཏོད་རྣམ་པ་བཅས་ཀྱི“རྣམ་པ་བརྒྱད”ནུས་ཤུགས་ཡོད་རྒུས་གཏོད་པ། ཏང་རྩ་འཛུགས་ཀྱིས་གསར་བརྗེའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། མངའ་རིས་ཏང་འཛུགས་ཀྱི་རྨང་གཞི་བརྟན་པོར་འདིང་བ། བོད་ནུབ་ཀྱི་གདོང་ལེན་ནུས་པ་ཐོན་པར་བྱེད་པ། ཀྲུང་གུང་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་སྔོན་ཤུལ་དང་། སྔོན་སྐྱོད་ལན་གྱི་སྔོན་ཤུལ། དམག་དོན་ལོ་རྒྱུས་ཁང་། ས་ཁུལ་སྔོན་གཤེགས་དཔའ་བོའི་བང་སོ་སོགས་ཀྱི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཡག་པོ་སྤྱོད་པ། ཏང་ཡོན་ལས་བྱེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ཁུང་ཧྥན་སན་གྱི་སྙིང་སྟོབས”“སྔོན་སྐྱོད་ལན་གྱི་སྙིང་སྟོབས” “མངའ་རིས་ཀྱི་སྙིང་སྟོབས”བཅས་རྒྱུན་འཛིན་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། ཏང་ཡོན་གྱི་དར་ཆས་སྣེ་འདྲེན་དང་ཏང་རྩ་འཛུགས་ཀྱི་གསར་བརྗེའི་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་མངའ་རིས་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།