བོད་ལྗོངས་སུ་མཐོ་གྲང་ཁུལ་གྱི་རྩྭ་ཁའི་གནམ་གཤིས་གནོད་འཚེ་དང་གཟན་རྩྭ་སྐྱེས་འཚར་གྱི་ལྟ་ཞིབ་ཚད་ལེན་མ་ལག་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་མཐོ་གྲང་རྩྭ་ཁའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་གཟན་རྩྭ་སྐྱེས་འཚར་གྱི་ལྟ་ཞིབ་ཚད་ལེན་མ་ལག་སྤྱོད་འགོ་ཚུགས་པས།  བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་ནུས་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གནམ་གཤིས་འགན་སྲུང་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཏེ།  བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།