བོད་ལྗོངས་ཀྱིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་།

res01_attpic_brief.jpg

འདི་ནི་ཉག་ཆུའི་ཟམ་ཆེན་རེད།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་་མུ་མཐུད་དུ་ཇེ་མགྱོགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་སྐོང་། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་བོད་ལྗོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར300བཏང་བ་དང་། ཆུ་བེད་ལས་གཞི་འཛུགས་སྐྲུན་རྣམ་གྲངས344ལག་བསྟར་བྱས་ནས་དངུལ་གཏོང་སྒོར་དུང་ཕྱུར48.8ལེགས་འགྲུབ་བྱས། ནུས་ཁུངས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར85.69བཏང་། 2016ལོར་བཀོད་སྒྲིག་བྱས་པའི་རྣམ་གྲངས་བྱེ་བྲག1996ཁྲོད་རྣམ་གྲངས205ལེགས་འགྲུབ་བྱུང་བ་དང་། རྣམ་གྲངས1689འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། རྣམ་གྲངས་ལས་བསྟར་བྱེད་ཚད94.9%ལ་བསླེབས་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།