ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར40ལྷག་བཏང་སྟེ་བོད་ལྗོངས་རོང་འབྲོག་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ10བའི་ཚེས31ཉིན་བོད་ལྗོངས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2014ལོའི་རིང་ལ། ཀྲུང་དབྱང་གིས་བོད་ལྗོངས་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར41ལྷག་རྩིས་སྤྲོད་བྱས་ཏེ། འོས་འགན་སློབ་གསོའི་སློབ་གྲྭ1034ཕྱོགས་ཡོངས་ལེགས་བཅོས་ལག་བསྟར་ཁྱབ་ཁོངས་སུ་བཅུག་ནས། བོད་ལྗོངས་ཀྱི་རྫོང74ལ་ཁྱབ་ཡོད་པ་རེད།

བོད་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ལུའུ་ཧྲི་ཁྲེན་གྱིས་བཤད་རྒྱུར། ཀྲུང་དབྱང་གིས་བོད་ལྗོངས་ལ་མ་དངུལ་སྒོར་དུང་ཕྱུར40.1བཏང་བའི་ཁྲོད། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར21.2ཡོད་པ་དང་། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་མ་དངུལ་གཞན་དག་སྒོར་དུང་ཕྱུར18.9ཡོད་ཅིང་། སློབ་གྲྭའི་སློབ་ཁང་དང་ཉལ་ཁང་བསྒྱུར་བཀོད་དང་། སྒྲིག་ཆས་བཀོད་སྒྲིག ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས། མིག་སྔར་འཆར་འགོད་ཁྲོད་ཀྱི་སློབ་ཁང45.4%འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། སྒྲིག་ཆས་ཉོ་སྒྲུབ་བྱས་ཏེ་སློབ་གྲྭ་རུ་འབྱོར་ཡོད་ལ། སློབ་གསོ་ཆ་འཕྲིན་ཅན་ཕྱོགས་ཡོངས་ནས་སྤེལ་བཞིན་པའི་སྒང་ཡིན། ལོ་ལྔའི་ལེགས་བཅོས་འཆར་འགོད་ཀྱི་དུས་ཡུན་ཕྱེད་ཀ་འདས་ཟིན་པ་དང་། ལས་འགན་ཕྱེད་ཀ་ཀྱང་ལེགས་འགྲུབ་བྱུང་ཡོད་པས། བོད་ལྗོངས་ཀྱི་འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཟེར།

རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱིས་རྩ་བའི་སློབ་གཉེར་ཚད་གཞི་ལྟར། མེད་པ་ཁ་སྣོན་བྱེད་པའི་རྩ་དོན་ལག་བསྟར་བྱས་ཏེ། ལོ་ལྔའི(2014-2018ལོ)དུས་ཡུན་ནང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར67.16བཏང་སྟེ། སློབ་ཁང་སྨི་གྲུ་བཞི་མ་ཁྲི156.4འཛུགས་སྐྲུན་བྱ་རྒྱུ་དང་། རྩིས་འཁོར23426དང་། ཅོག་ཙེ་དང་རྐུབ་སྟེགས་ཁྲི15.9། སློབ་མའི་ཉལ་ཁྲི་ཁྲི9.3། དཔེ་དེབ270.3། ཚོད་ལྟ་ཁང་གི་དཔྱད་ཆས་ཁྲི11.9བཅས་ཉོ་སྒྲུབ་བྱ་བྱ་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།