2016ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་ལྷ་ས་གྲོང་ཁྱེར་དུ་ལས་ཞུགས་མི་སྣ11511གསར་སྣོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། ལྷ་ས་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་སྣེ་ཁྲིད་རང་བཞིན་གྱི་གསོ་སྦྱོང་དང་། ལས་རིགས་མཛུབ་སྟོན། ལས་རིགས་ངོ་སྤྲོད། ལས་རིགས་གསོ་སྦྱོང་། ལས་ཞུགས་ལས་གནས་གསར་སྤེལ། མི་ཤུགས་ཐོན་ཁུངས་ཀྱི་གྲོས་ཚོགས་བསྡུས་པ་དང་ལས་ཤོར་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་སོགས་བྱས་ཏེ་མཁར་གྲོང་གི་ལས་ཞུགས་བྱ་བར་སྐུལ་འདེད་བཏང་བས་ལས་ཞུགས་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ། བསྡོམས་རྩིས་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་ལྷ་ས་གྲོང་ཁྱེར་དུ་ལས་ཞུགས་མི་སྣ11511གསར་སྣོན་བྱས་ཤིང་ལོ་འཁོར་དམིགས་འབེན་གྱི76.7%ལེགས་འགྲུབ་བྱས།

ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། གྲོང་ཁྱེར་ཡོངས་སུ་ལས་ཞུགས་མི་སྣ11511གསར་སྣོན་བྱས་ཤིང་ལོ་འཁོར་དམིགས་འབེན་གྱི76.7%ལེགས་འགྲུབ་བྱས། མཁར་གྲོང་སྡོད་དམངས་ཀྱི་ལས་ཤོར་ཐོ་འགོད་བྱེད་ཚད2.2%ཡི་ཚུན་ཚོད་འཛིན་བྱས་ཏེ། མཁར་གྲོང་གི་ལས་ཞུགས་སྟོང་ཁྱིམ་མེད་པའི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱས། ལས་གནས16456གསར་སྤེལ་བྱས་ཏེ་ལོ་འཁོར་དམིགས་འབེན་གྱི242%ལེགས་འགྲུབ་བྱས། མི་ཐེངས8511ལ་ལས་རིགས་ངོ་སྤྲོད་བྱས་ཏེ་མི4341ལ་ངོ་སྤྲོད་ལེགས་འགྲུབ་བྱུང་། དེ་མིན་མི་ཐེངས7858ལ་ལས་རིགས་མཛུབ་སྟོན་གནང་སྟེ་སོ་སོ་ནས་ལོ་འཁོར་དམིགས་འབེན་གྱི200.7%། 208.7%། 151.1%བཅས་ལེགས་འགྲུབ་བྱས་པ་མ་ཟད། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་མི་ཐེངས་ཁྲི13.2ལས་ཞུགས་སྤོ་སྒྱུར་བྱས་པ་དང་། ལས་ཞུགས་སྤོ་སྒྱུར་ཡོང་སྒོ་སྒོར་དུང་ཕྱུར4.39མངོན་འགྱུར་བྱས་ཏེ། སོ་སོ་ནས་ལོ་འཁོར་དམིགས་འབེན་གྱི75%དང76%ལེགས་འགྲུབ་བྱས། རོང་འབྲོག་པ་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ3688ལ་གསོ་སྦྱོང་བྱས་ཏེ་ལོ་འཁོར་དམིགས་འབེན་གྱི52ལེགས་འགྲུབ་བྱས། གསོ་སྦྱོང་ལ་བརྟེན་ནས་མི2582ལས་ཞུགས་ཐུབ་པ་དང་། གསོ་སྦྱོང་རྗེས་ཀྱི་ལས་ཞུགས་བྱེད་ཚད70%བཅས་ཟིན་ཡོད་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།