བོད་ལྭ་གཙང་མའི་སློབ་གོས་གྱོན། སློབ་ཕྲུག་གདོང་ལས་འཛུམ་མདངས་འཕྱུར།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས18ཉིན། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཆ་ཚང་སློབ་ཆུང་དུ་སྐྱོད་ནས། སློབ་གྲྭ་དེར་ཡོད་པའི་སློབ་ཕྲུག1500ལ་རིན་མེད་ངང་བོད་ཆས་སློབ་གོས་སྤྲད་ཡོད། ཤེས་རྟོག་བྱུང་བར་གཞིགས་ན། སྙན་རོང་རྫོང་ཆ་ཚང་སློབ་ཆུང་ནི་ཐེངས་འདིའི་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱི་ས་ཚིགས་དང་པོ་ཡིན་ཞིང་། ད་དུང་མུ་མཐུད་ནས་ནག་ཆུ་ས་ཁུལ་མཚེའུ་གཉིས་རྫོང་དང་དཔལ་མགོན་རྫོང་། དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་ས་དགའ་རྫོང་དང་གམ་པ་རྫོང་བཅས་ཀྱི་སློབ་གྲྭར་བོད་ཆས་སློབ་གོས་སྤྲོད་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་སྙན་རོང་རྫོང་ཆ་ཚང་སློབ་ཆུང་ལ་རིན་མེད་བོད་ཆས་སློབ་གོས་སྤྲད་པ།