བོད་ལྗོངས་ཀྱིས《ཀྲུང་ཧྭ་ཚིག་མཛོད་ཆེན་མོ·བོད་ཡིག་བམ་པོ》རྩོམ་སྒྲིག་བྱེད་འགོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་སློབ་ཆེན་དུ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་བའི《ཀྲུང་ཧྭ་ཚིག་མཛོད་ཆེ་མོ·བོད་ཡིག་བམ་པོ》རྩོམ་སྒྲིག་འདུ་འགོད་ཀྱི་ལས་དོན་ས་ཚིགས་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་ཧྭ་ཚིག་མཛོད་ཆེ་མོ·བོད་ཡིག་བམ་པོའི》ནང་དུ་གཙོ་བོ་སྐབས་རིམ་བྱུང་གི་བོད་རིགས་མཁས་དབང་ཚོའི་ལྗགས་རྩོམ་བསྡུ་སྒྲིག་བྱ་རྒྱུ་ཡིན་པ་དང་། འབྲེལ་ཡོད་རྩོམ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ཅིང་། ད་བར《བོ་དོང་གསུང་འབུམ》པོ་ཏི120ལྷག་ལེགས་སྒྲིག་བྱས་ཟིན་པ་དང《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ》པོ་ཏི་25དངོས་སུ་པར་བསྐྲུན་ཟིན་པ་རེད།

ཆ་ལག་ཚང་བའི་སྒོ་ནས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་ཕྱིར། 2013ལོར་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས《ཀྲུང་ཧྭ་ཚིག་མཛོད་ཆེ་མོ·བོད་ཡིག་བམ་པོ》རྩོམ་སྒྲིག་འདུ་འགོད་གཉེར་འགོ་བཙུགས་ནས། དུས་ཡུན་ལོ15ཡི་དཔེ་སྐྲུན་འཆར་གཞི་གཏན་འཁེལ་བྱས་པ་མ་ཟད། དཔེ་སྐྲུན་ནང་དོན་གྱི་དུས་ཚོད་བར་བརྒལ་ནི་སྤྱི་ལོའི་དུས་རབས7པ་ནས་དུས་རབས20པའི་དུས་དཀྱིལ་བར་ཡིན་ཞིང་། དཔེ་ཆ་རིགས་ཁྲི་ཡན་བསྡུ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དེའི་སྔོན་དུ་མཚོ་སྔོན་སློབ་ཆེན་སོགས་སློབ་ཆེན་ཁག་ལ་ལས་དོན་ས་ཚིགས་བཙུགས་ཟིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།