བོད་ལྗོངས་ཀྱིས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་བྱ་བ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན་སྔ་དྲོར།  རྒྱལ་ཁབ་ལྟ་སྐུལ་དཔྱད་ཞིབ་བསམ་འཆར་ཕྱིར་སློག་གམ་ལྗོངས་ཡོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་བྱུང་བར་སྐུལ་འདེད་ཀྱི་ཚོགས་འདུ་ལྷ་སར་བསྡུས།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྥང་ལེ་ལེན་སོགས་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་བོད་ལྗོངས་ཀྱི་ལྷུན་གྲུབ་སོགས་རྫོང་ཁག16ལྷག་གི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་གཏོང་བའི་ཞིབ་བཤེར་གནས་ཚུལ་ལ་ཉན་རྗེས། ཚོགས་འདུའི་བསྟན་དོན།  ཞིབ་བཤེར་ཚོ་ཆུང་གིས་བསམ་འཆར་དང་གྲོས་གཞི་བཏོན་པ་བདེན་པ་བདེན་དྲང་། དངོས་ཐོག་བདེན་འཚོལ།  གྲུབ་འབྲས་ཐག་ཆོད་བྱས་པ་དང་ཆབས་ཅིག་ཏུ་ལས་དོན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ཏེ། བོད་ལྗོངས་ཀྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན།

  ཚོགས་འདུའི་སྟེང་ནན་གྱི་བསྟན་དོན།  འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བ་ནི་ས་ཁོངས་བར་དང་། ཤང་གྲོང་བར། སློབ་གྲྭ་ཕན་ཚུན་བར་གྱི་སློབ་གསོའི་བར་ཐག་སོགས་ཀྱི་ཕྱོགས་ནས་ཆུང་དུ་བཏང་སྟེ། ལོ་ཆུང་བྱིས་པ་རྣམས་ཀྱི་སློབ་གསོ་མྱངས་བའི་དབང་ཆར་ཁག་ཐེག་བྱེད་པའི་དམངས་འཚོའི་ལས་གཞི་ཞིག་ཡིན། ཚོགས་འདུའི་སྟེང་ལྗོངས་ཡོངས་ཀྱི་ས་ཁུལ་སོ་སོ་དང་། ལས་ཁུངས་སོ་སོའི་གཟབ་ནན་སྒོས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལྟར། དམིགས་ཡུལ་ལས་འགན་གསལ་བོ་དང་འདུ་ཤེས་བརྟན་པོ་ཡིན་པ། སྲ་ཁྲེགས་ཀྱི་འཛུགས་སྐྲུན་རྨང་གཞི་དང་། དཔུང་སྡེ་འཛུགས་རྒྱུ་གནད་འགག   མ་རྩ་གཏོང་བ་འགན་ལེན།   སློབ་བྱོལ་བཀག་ནས་སློབ་སྤྱོང་གཙོར་འཛིན་པ། སྲིད་ཇུས་འཐུས་ཚང་གཙོ་གནད།  སྤུས་ཚད་སློབ་གསོ་སྲོག་ཤིང་བཅས་བྱས་ཏེ་མུ་མཐུད་དུ་བོད་ལྗོངས་ཀྱི་འོས་འགན་སློབ་གསོའི་ཆུ་ཚད་དང་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་། མུ་མཐུད་དུལྟ་རྟོག་དང་ལམ་སྟོན་ཕན་ཚུན་ཟུང་འབྲེལ་དང་།  ལྟ་སྐུལ་དང་མཛུབ་སྟོན་ཕན་ཚུན་ཟུང་འབྲེལ།དཔྱད་དཔྱོད་དང་ཚད་ལེན་ཕན་ཚུན་ཟུང་འབྲེལ”གྱི་བྱ་བའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་དུས་ལྟར་ལས་འགན་ལེགས་འགྲུལ་བྱུང་དུ་བཅུག་སྟེ་ལྷ་སའི་སློབ་གསོ་ལ་རང་ནུས་ཀྱིས་ལག་རྗེས་འཇོག་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།