ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད།

《བསྐྱར་དར་ལམ་བུའི》བོད་ལྗོངས་འགྲེམས་སྟོན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།    

ཟླ8ཚེས31ཉིན་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ170ལྷག་ཙམ་གྱི་བསྐྱར་དར་ལམ་བུ་ཕྱོགས་ཡོངས་ནས་མངོན་པའི་བརྗིད་ཆེའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་——《བསྐྱར་དར་ལམ་བུའི》བོད་ལྗོངས་འགྲེམས་སྟོན་དེ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གཟབ་རྒྱས་ངང་གཉེར་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་ལ་དངོས་སུ་སྒོ་མོ་ཕྱེ་བ་རེད། ཞོ་སྟོན་གྱི་གུང་གསེང་ཉིན་མོ་དང་སྐབས་འཁེལ་བས་འགྲེམས་སྟོན་ལ་རང་ལྗོངས་ཀྱི་ཚན་པ་མང་པོ་དང་། ཀུང་སི། སློབ་གྲྭ དཔུང་སྡེ། གྲོང་མི་བཅས་ཀྱི་སྤྲོ་སེམས་འཁོལ་བའི་དོ་ཁུར་ཐོབ་ནས་ལྟ་སྐོར་སློབ་སྦྱོང་བྱེད་པར་འཚང་ཁ་ཤིག་ཤིག་ངང་སླེབས་པ་རེད།

འགྲེལ་བཤད་པའི་ཁྲིད་སྟོན་འོག་འགྲེམས་སྟོན་ཞིབ་ཕྲ་བལྟས་རྗེས་ལྗོངས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་གི་ལས་བྱེད་པ་ཧུའུ་ཀྲི་ཧྭ་ཡིས་གསར་འགོད་པར“ལྟ་སྐོར་བྱས་པ་བརྒྱུད《བསྐྱར་དར་ལམ་བུའི》འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཞུམ་པ་མེད་ལ་བརྗིད་ཉམས་ཆེ་བའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་ཚད་སྔར་བས་ཤེས་རྟོགས་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་ཕྱིན་སོང”ཞེས་བཤད།

བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཝང་ཁོ་ཡིས“བྱེད་སྟངས་དེ་རིགས་བརྒྱུད་རང་རེའི་ཏང་ཡོན་ལས་བྱེད་པར་སློབ་གསོ་དེ་བས་ཡག་པ་ཐོབ་རེ་ཡོད”“བློ་མཐུན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་མི་སྒེར་གྱི་ལས་དབང་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་མདུན་ལམ་དམ་པོར་སྦྲེལ་ཏེ‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་དང‘ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ’དང་

ཟུང་འབྲེལ་གྱིས་རང་ལྗོངས་ཀྱི་རྒྱལ་ཁབ་ས་ཆའི་ཐོན་ཁུངས་དོ་དམ་ལས་དོན་སྐས་རིམ་གསར་པར་དེ་བས་སླེབས་རྒྱུར་སྐུལ་འདེད་བཏང་ཐོག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད”ཅེས་བཤད།

“བྱེད་སྒོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་གིས་ངེད་ཚོ་དང་གཅིག་རྗེས་གཉིས་མཐུད་ངང་འབྲེལ་གཏུག་བྱས་ཤིང་། མིག་སྔར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་ཐིང་། དམངས་སྲིད་ཐིང་། ཁྲིམས་འཛིན་ཐིང་སོགས་ཚུད་པའི་ལྗོངས་ཐད་གཏོགས་ཚན་པ20ཙམ་གྱིས་ཚན་པའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ལྟ་སྐོར་སློབ་སྦྱོང་བྱེད་པར་སླེབས་ཡོད”ཅེས་ཕུར་བུ་སྒྲོལ་མས་ངོ་སྤྲོད་བྱས།

ཚན་པའི་ཚོགས་པ་ཕུད། གྲོང་མི་དེ་བས་མང་བས་སྨྱན་སྦྱོར་དང་དྲ་རྒྱ་བརྒྱུད《བསྐྱར་དར་ལམ་བུའི》འགྲེམས་སྟོན་གྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རང་འགུལ་ངང་ལྟ་སྐོར་དུ་སླེབས་ཡོད་པ་རེད།

འགྲེམས་ཁང་དུ་འཛུལ་མ་ཐག་བརྗིད་ཆགས་སྒམ་བརླིང་ལྡན་པའི་རྣམ་པས་ལྟ་སྐོར་བ་ཚང་མའི་ཡིད་དབང་རབ་ཏུ་འཕྲོག

མཐའ་མའི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལེའུ་གསར་པའི”མདུན་དུ་ཚང་མར་སེམས་འགུལ་ཆེན་པོ་ཐེབས། ཡོལ་བའི་ཐོག་གི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྣེ་འཁྲིད་དེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི《བསྐྱར་དར་ལམ་བུར》གཟིགས་སྐོར་གནང་བ་དང་འབྲེལ་སེམས་བཟང་ཚིག་ནན་དང་སྐད་གསང་མཐོན་པོའི་གསུང་བཤད་གལ་ཆེན་གནང་བ་དེ་དག་རྣ་ལམ་དུ་ཐོས། སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དགོངས་པ་གལ་ཆེན་ཐེངས་དང་པོ་བཏོན་གནང་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་ཡི་བུ་ཕྲུག་གོང་བུ་གཅིག་ཏུ་འགྲིལ་བའི་བསམ་པའི་སྟོབས་ཤུགས་རླབས་པོ་ཆེ་ཞིག་ཏུ་གྱུར།

ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་མཚོ་མོ་ནི་དེ་སྔ《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་ཞིག་ཡིན་པ་དང་། བོད་ཞི་བས་བཅིངས་འགྲོལ་དང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྒྱུད་མྱོང་མཁན་དང་བདེན་དཔང་བ་ཞིག་ཡིན་ཞིང་། ཁོང་གིས་བོད་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དབུལ་ཕོངས་རྗེས་ལུས་ནས་དར་རྒྱས་གོང་འཕེལ་བར་གྱི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་གྲུབ་ཆ་གལ་ཆེན་ཡིན། ཀྲུང་གོའི་ཕུགས་འདུན་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་ཐུབ་ཅེས་མྱོང་ཚོར་ཆེན་པོས་བཤད། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་བོད་ལ་དེ་བས་མཛེས་སྡུག་རྣམ་པར་བཀྲ་བའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ཁོང་གིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།