གཞིས་རྩེས་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཚོང་འགུག་མ་འདྲེན་ཐད་གྲུབ་འབྲས་ཆེན་པོ་བླངས།


W020160906346700156732.jpg

འདི་ནི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཚོང་འགུག་མ་འདྲེན་གྱི་གན་རྒྱ་འཇོག་པའི་ཡུལ་དངོས་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཚོང་འགུག་མ་འདྲེན་གྱི་བྱ་བར་གཙིགས་ཆེན་བྱས་ཏེ། ཧུར་ཐག་སྒོས་ཐོན་ཁུངས་དང་སྡོད་གནས་ཀྱི་གནས་བབ་ཡག་པོ་འདོན་སྤེལ་བྱས་ལ། བཟོ་ལས་གླིང་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་བཟོ་ལས་ཀྱི་གར་སྟེགས་ཆེན་པོ་དར་སྤེལ་གཏོང་བ། ནུས་ཆེ་སྤུས་དག་གི་ཞབས་ཞུས་ཚོང་ལས་ལ་བརྩི་འཇོག་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། 

ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཐུན་མོང་འབད་བརྩོན་འོག     ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་བསྡོམས་པས་རྣམ་གྲངས44ལ་གྲོས་མོལ་བྱུང་ལ། གན་རྒྱའི་བསྡོམས་གྲངས་ལ་སྒོར་དུང་ཕྱུར208.53ཡོད། རྣམ་གྲངས་དེ་ཁྱད་ལྡན་ཞིང་ཕྱུགས་དང་། བོད་སྨན། ནུས་ཁུངས་གསར་བ། རིག་གནས། རང་བྱུང་བཏུང་ཆུ་སོགས་ཁོངས་ཧ་ཅང་མང་པོ་ཞིག་དང་འབྲེལ་བ་ཡོད། །


རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།