བོད་རང་སྐྱོང་ལྗོངས་ཏང་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་ཟླ8ཚེས31ཉིན་འཚོག་རྒྱུར་གཏན་འབེབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས29ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་ཟླ8ཚེས31ཉིན་ལྷ་སར་ཉིན་ཕྱེད་རིང་འཚོག་རྒྱུའི་གཏན་འབེབས་བྱས་ཤིང་། ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ད་ཐེངས་ཀྱི་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུའི་སྐོར་གྱི་དགོངས་དོན》ལ་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱ་རྒྱུ་དང་། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད(འཆར་ཟིན)》དང་། 《ནག་ཆུ་ས་ཁུལ་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་ལ་བསྒྱུར་རྒྱུའི་གྲོས་གཞིར་མོས་མཐུན་བྱ་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།