སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ ༨ པའི་ཚེས ༢༥ ཉིན།  ཇོ་རིའི་བརྩེ་སེམས་མཛེས་པའི་གཞིས་རྩེ་ཞེས་བརྫོད་དོན་གཙོ་བོར་བྱས་པའི་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུས་སྐོར་དུས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད།  འགོ་ཚུགས་མཛད་སྒོའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ཆུས༽བཅོ་བརྒྱད་ནས་ཡོང་བའི་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་ཞིང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་པ ༡༨༠༠ ལྷག་ཙམ་གྱིས།  ལྷ་མོ་དང་སྟོད་གཞས།  སྒོར་གཞས་སོགས་འཁྲབ་སྟོན་བྱས་ནས་ས་ཕྱོགས་ཁག་ནས་ཕེབས་པའི་གཟིགས་མོ་བ་ཚོར་གཙང་ཁུལ་གྱི་ངོ་མཚར་ལྡན་པའི་རིག་གནས་མྱོང་རོལ་ཐུབ་པ་བྱས་ཡོད།

སེ་མའི་བྲོ་པ་སླེབས་བྱུང་། རྔ་བོའི་ལྡིར་སྒྲས་ཁེངས་སོང་།

དམར་པོའི་རྒྱལ་དར་གཡུག་གཡུག  སེམས་པ་དགའ་སྤྲོས་མྱོས་སོང་།

དེང་གི་འཚོ་བར་བསྟོད་གླུ་འཕུལ་ནས་དགའ་བའི་འབོད་སྒྲ་ཕྱོགས་བཞིར་ཁྱབ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།