ས་གཙང་བདེ་ཐང་ཐོན་ལས་ཀྱིས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞོགས་པ་ལོ37ལ་སླེབས་པའི་ཡེ་ཤེས་སྒྲོལ་མས་གློག་སྒུལ་འཁོར་གསུམ་འཁོར་ལོ་བཏང་སྟེ་ལྷ་ས་ཆུ་ཤུར་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་ཁུལ་དུ་ཕྱིན་ནས་ཐོན་ལས་དཔེ་སྟོན་གླིང་ནང་ཡོད་པའི་ཧོ་ཧྲའོ་ཝུའུ་ལ་སྒྲོམ་བཟོ་བར་ཕྱིན། དེ་ལྟར་བྱས་ཚེ། ཧོ་ཧྲའོ་ཝུའུ་ཡི་སྐྱེ་འཚར་ཡག་པོ་ཡོང་ཐུབ། “ཧོ་ཧྲའོ་ཝུའུ་བོད་ཀྱི་སྐྱེ་དངོས་མིན” ཆུ་ཤུར་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་གླིང་གི་པད་མ་རྒྱལ་པོས་གསར་འགོད་པར“ཐོན་ལས་དཔེ་སྟོན་གླིང་གིས་རྒྱལ་ནང་ནས་ཟུར་བསྣན་རིན་ཐང་མཐོ་བའི་དཔལ་འབྱོར་སྐྱེ་དངོས་སྣ་ཁ་30ལྷག་ཙམ་འདྲེན་ཡོད། ང་ཚོས་ས་མཐོའི་ཐོག་སྐྱེ་འཚར་ཡག་པོ་བྱུང་བའི་སྣ་ཁ་དག་གླིང་དུ་འདེབས་འཛུགས་བྱས་པ་མ་ཟད། མི་སེར་ལ་ཁྱབ་གདལ་བཏང་ཡོད”ཅེས་བཤད་བྱུང་། ཆུ་ཤུར་རྫོང་ས་གཙང་སྐྱེ་དངོས་གསར་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་བློ་བརྟན་གྱིས་དེ་སྔ་ཞིང་པས་ནས་འདེབས་ཀྱི་ཡོད་པས་མུའུ་རེ་ནས་ཡོང་འབབ་ཁེ་གཙང་སྒོར600ནས800བར་ལས་ཡོང་གི་མེད། ཐོན་ལས་དཔེ་སྟོན་གླིང་གིས་ཆུ་ཤུར་རྫོང་དུ་མཱ་ཁ་དང་ལུག་མིག་དམར་པོ་ཁྱབ་གདལ་བཏང་སྟེ་མུའུ་རེ་ནས་ཞིང་དུད་རེར་འབབ་འཕར་སྒོར6000ནས7000བར་བྱུང་ཡོད་ཅེས་ངོ་སྤྲོད་བྱས། དེ་ནི་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་ཀྱིས་ཞིང་འབྲོག་པར་དབུལ་སྒྲོལ་བྱེད་རོགས་དང་ཡོང་འབབ་གཏོད་རོགས་བྱེད་པའི་བྱེད་ཐབས་གསར་པ་ཞིག་ཡིན། 

2013ལོའི་ཟླ་དགུ་པར། ལྷ་སས་བོད་ནས་སྔོན་ལ་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་རྨང་གཞིར་བྱེད་པ་དང་། སྔོན་ཐོན་ལག་རྩལ་ལེགས་བཅོས་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ས་མཐོའི་སྐྱེ་ལྡན་བདེ་ཐང་བཟའ་བཅའ་དང་། ས་མཐོའི་སྐྱེ་ལྡན་ཚེ་སྲོག་ཐོན་རྫས། ས་མཐོའི་ལུས་གསོའི་སྨན་རྫས། སེམས་ཁམས་སྤྲོ་གསེང་ཡུལ་སྐོར་ཐོན་ལས་སོགས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་འདྲེས་པའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་བཏོན་ཡོད། ལྷ་ས་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་ངོ་སྤྲོད་བྱས་པར་གཞིགས་ན། ལས་ཞུགས་གཞན་སྒྱུར་དང་། ས་ཞིང་བརྒྱུད་བཤུག ཁེ་འབབ་བགོ་བ། དེང་སྐབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་གཏོང་རྒྱུ་ནི་ས་གཙང་བདེ་ཐང་ཐོན་ལས་ཀྱིས་ཞིང་འབྲོག་པ་དབུལ་སྒྲོལ་བྱེད་རོགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ན་ནིང་ལོ་མཇུག་བར། ས་གཙང་བདེ་ཐང་ཐོན་ལས་ཁེ་ལས89ཡིས་མི་ཁྲི8.3ལས་ཞུགས་ཐུབ་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།