ཞིང་ལས་བོད་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་སྟེ་བོད་ལྗོངས་ཀྱི་རོང་འབྲོག་པའི་ཡོང་སྒོ་འདས་བའི་ལོ་ལྔ་ལས་ལྡབ་འགྱུར་གྱིས་འཕར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས10ཉིན་བསྡུས་པའི་རྒྱལ་ཡོངས་ཀྱི་ཞིང་ལས་བོད་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་སྟེང་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་ཞིང་ལས་མ་ལག་གིས་མཉམ་དུ་སྐུལ་འདེད་བྱས་པའི་འོག ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཕྱོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཡིན་ཞིང་། རོང་འབྲོག་པའི་རང་ཉིད་འཕེལ་རྒྱས་ནུས་ཤུགས་མངོན་གསལ་སྒོས་ཇེ་ཆེར་འགྲོ་བཞིན་ཡོད། 2015ལོར། བོད་ལྗོངས་ཀྱི་ཞིང་ཕྱུགས་ཉ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར150ཙམ་ལ་བསླེབས་ཏེ། 2010ལོ་དང་བསྡུར་ན32.6%འཕར། བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་བཀོལ་ཆོག་པའི་ཡོང་སྒོ་སྒོར8244ལ་བསླེབས་ནས། 2010ལོ་དང་བསྡུར་ན་ལྡབ་གཅིག་གིས་འཕར།

ངོ་སྤྲོད་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཞིང་ལས་པུའུ་ཡིས《བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད(2012—2020ལོ)》སོགས་བཟོ་འགོད་བྱས་ཏེ། ས་གནས་དེའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་མཛུབ་སྟོན་གནང་། སྲིད་ཇུས་ཕྱོགས་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ། རིགས་སོ་སོའི་མ་དངུལ་སྒོར་དུང་ཕྱུར149བཀོད་སྒྲིག་བྱས་ཏེ་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བ་དང་། དེ་ནི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་ལྡབ5.4ཡིན་པར་མ་ཟད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་གཟེངས་བསྟོད་སྲིད་ཇུས་ལག་བསྟར་བྱས་ཏེ། ནས་དང་། འབྲི་གཡག ཞོག་ཁོག་སོགས་ཀྱི་དམིགས་བསལ་ཁ་གསབ་སྲིད་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་། དེ་མིན་ཚན་རྩལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། བོད་ལྗོངས་ཞིང་ལས་ཁུལ་གྱི་རྫོང་དང་ཤང་གིས་ཞིང་ལས་ཚན་རྩལ་ཁྱབ་གདལ་དུ་གཏོང་བའི་སྒྲིག་གཞི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་བར་རྒྱབ་སྐྱོང་གནང་སྟེ། བསྡོམས་པས་ཚན་རིག་ཆེད་མཁས་པ་དང་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཚོགས་བོད་སྐྱོར་ལས་བྱེད་པ21མངགས་གཏོང་བྱས། དེ་དང་ཆབས་ཅིག གསོ་སྦྱོང་སྤེལ་བ་ནས་བཟུང་། རོང་འབྲོག་པའི་སྒུལ་ཤུགས་འཕེལ་རྒྱས་བྱ་བར་ཤུགས་བསྣན་ཏེ། བསྡོམས་པས་རོང་འབྲོག་པ་མི་ཐེངས་ཁྲི4ལྷག་ལ་གསོ་སྦྱོང་བྱས་ནས། ཞིང་བའི་མཉམ་ལས་ཁང20རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་དུ་གཏན་ཁེལ་བྱས།

རྒྱུས་ལོན་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཞིང་ལས་པུའུ་ཡིས་མུ་མཐུད་དུ་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཐོ་སྒང་གི་ཁྱབ་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་རོགས་སྐྱོར་དང་། ཞིང་ལས་པུའུ་ཡིས་ལས་ཁུངས་སོ་སོ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཞིང་ལས་སྡེ་ཁག་གིས་རྩ་འཛུགས་དང་འགོ་ཁྲིད་བྱ་བར་ཤུགས་བསྣན་ཏེ། ཐོན་ཁུངས་ཧྲག་བསྡུ་ལ་ཤུགས་སྣོན་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་བ་བཏོན།    །  


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།