མངའ་རིས་ཀྱིས་དབུལ་སྐྱོར་བསྡོམས་རྩིས་ལ་བསྐྱར་ཞིབ་བྱས་ནས་ཁྲལ་སེལ་སླ་བཅོས་གཏན་འགོག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཟླ་བ་བཞི་པའི་དབུལ་སྐྱོར་བསྡོམས་རྩིས་ཀྱི་གཱ་དང་ཡིག་ཚགས་ལས་དོན་ལ་བསྐྱར་ཞིབ་བྱས་ཤིང་། བསྐྱར་ཞིབ་བྱས་པ་བརྒྱུད། མངའ་རིས་ས་ཁུལ་གྱིས་མི21419ལ་གཱ་དང་ཡིག་ཚགས་བཟོས་པ་དང་། དེའི་ནང་སྤྱིར་བཏང་གི་དུད་ཚང་དབུལ་པོའི་མི13319དང་། འགན་ལེན་ལྔ་དང་སྐྱོབ་གསོ་ལེན་མཁན་གྱི་དུད་ཚང་དབུལ་པོའི་མི8100ཡོད་པ་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོས་མོལ་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་དུད་ཚང་དབུལ་པོའི་ཚད་གཞི་གཞིར་བཟུང་། ཞིང་འབྲོག་མང་ཚོགས་ལ་བརྟག་དཔྱད་འདྲི་ཤོག་ཁྲི6ལྷག་ཙམ་སྤྲད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་ངམ་དུད་སྦྲེལ་སྤྱི་མི་དང་མཉམ་དུ་ལེགས་འདེམས་བྱས་པའི་ཐོག མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་ལེགས་འདེམས་ཀྱི་མཇུག་འབྲས་ལ་བརྡས་ཐག་བཅད་དེ། དུད་ཚང་དབུལ་པོའི་མིང་ཐོ་རགས་ཙམ་གཏན་འཁེལ་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མིང་ཐོར་གཞིགས་ནས་འདྲི་རྟོག་ཡང་ཡང་བྱེད་པར་བསྐྱོད་དེ། དུད་ཚང་དབུལ་པོའི་གནས་ཚུལ་དངོས་སྔར་བས་གཏན་འཁེལ་བྱས་པ་དང་འབྲེལ། ཡོངས་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལ་ནོར་འཛོལ་མེད་རྗེས་རྫོང་དང་ཤང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དུ་བསྐྱལ་བ་དང་། རྫོང་དང་ཤང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་སྙན་ཞུར་ཞིབ་བཤེར་བྱས་རྗེས་འཐེན་བཤེར་བྱས་པ་དང་། དེ་ནས་ནོར་འཛོལ་མེད་རྗེས་དབུལ་སྐྱོར་གཞུང་དོན་ཁང་དང་དམངས་སྲིད་ཅུས་ལ་བསྐྱལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།