གཞིས་རྩེས“དོན་ཐོག་ཏུ་འཁྱོལ་བ་ལྔ”འབུར་དུ་ཐོན་པར་བྱས་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་ཐུབ་རྒྱུའི་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་རྒྱུར་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཡོན་ཡོངས་ཀྱི་ཁྲོད་དུ“ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱས་ནས་ཏང་ཡོན་ཚད་ལོན་ཞིག་བྱེད་རྒྱུའི”སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ནས་སྔ་ཙམ་འཆར་འགོད་དང་། མགྱོགས་མྱུར་བཀོད་སྒྲིག སྐུལ་འདེད་ཏན་ཏིག་བཅས་བྱས་པ་རེད། ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་དུ། “དོན་ཐོག་ཏུ་འཁྱོལ་བ་ལྔ”འབུར་དུ་ཐོན་པར་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་འགོ་ཡག་པོ་འཛུགས་ཐུབ་རྒྱུ་དང་། དམ་འཛིན་ཡག་པོ་ཐུབ་རྒྱུ། ཕན་འབྲས་ཐོན་རྒྱུ་བཅས་ཀྱི་འགན་ལེན་བྱས་པ་རེད།

བཀོད་སྒྲིག་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་པ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་རྗེས་གཞིས་རྩེ་གྲོང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་ཟླ4ཚེས18ཉིན་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་འཚོགས་ནས།

 “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དང་། ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཇུས་གཞིར་བགྲོ་གླེང་བྱས་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་རྒྱུར་ཞིབ་ཕྲའི་བསམ་འཆར་བཏོན་པ་རེད། ཟླ4ཚེས27ཉིན་གྲོང་ཁྱེར་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས། གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཐད་ཡང་བསྐྱར་བཀོད་སྒྲིག་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དེ་ལོ་ཧྲིལ་པོའི་ཏང་འཛུགས་སྐྱོང་ལས་དོན་གྱི་འཆར་གཞིའི་ནང་དུ་བཅུག་སྟེ2016ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གལ་ཆེན་དུ་བཟུང་ཡོད་པ་རེད།

སྒྲིག་འཛུགས་ཀྱི་འགན་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་ཆེད། སྟོབས་ཤུགས་ཧྲག་བསྡུས་བྱས་ནས་སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་དུས་ཐོག་ཏུ་བཙུགས་པའི་ཁྲོད་ཕྱོགས་བསྡུས་ཚོགས་ཆུང་དང་། དྲིལ་བསྒྲགས་ཚོགས་ཆུང་། མཛུབ་ཁྲིད་ཚོགས་ཆུང་བཅས་བཙུགས་ནས་གྲོང་ཁྱེར་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་ཁག་སྤེལ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་འགན་འཁུར་བ་རེད། རྫོང(ཆུས)ཁག་དང་སྡེ་ཚན་ཁག་ཚང་མས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་བཙུགས་ནས་གྲོང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ། གོང་འོག་མཉམ་འགུལ་བྱེད་པ། ཤུགས་སྒྲིལ་མཉམ་ལས་བྱེད་པ་བཅས་ཀྱི་ལས་དོན་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

ཇུས་གཞི་བཟོ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ཇུས་གཞིར་དམ་པོར་དམིགས་ཤིང་། རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་ནས་གཞི་རིམ་དང་འབྲེལ་འདྲིས་བྱེད་རྒྱུ་དང་ཕན་འབྲས་ཐོན་པར་བྱེད་རྒྱུ་མཐའ་འཁྱོངས་དང་། གང་ཞིག་སྦྱོང་བ་དང་། གང་ཞིག་བྱེད་པ། ཇི་ལྟར་བྱེད་པ་བཅས་འབུར་དུ་ཐོན་པར་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཇུས་གཞི་ཞིབ་ཚགས་བཟོས་པ་དཔེར་ན། བོད་ཡིག་གི་སློབ་སྦྱོང་དཔྱད་གཞི་ཉུང་བར་དམིགས་ནས། གྲོང་ཁྱེར་རྩོམ་སྒྱུར་ཅུས་སོགས་འབྲེལ་ཡོད་ཚན་པ་དང་དུས་ཐོག་ཏུ་མཐུན་སྦྱོར་གྱིས་སློབ་སྦྱོང་དཔྱད་གཞི་རྩོམ་སྒྱུར་པར་འགྲེམས་བྱས་པ་དང་། ཞིང་འབྲོག་པའི་ཏང་ཡོན་གྱི་སློབ་སྦྱོང་ནུས་པ་བལྟོས་བཅས་ཀྱིས་ཞན་པར་དམིགས་ནས། བོད་ཡིག་གི་སློབ་ཆས་དང་བོད་སྐད་ཀྱི་སློབ་སྦྱོང་བརྙན་ཟློས་དང་སྐད་ཟློས་སོགས་བཟོས་པ། ཕྱོགས་མིའི་ཏང་ཡོན་དང་། འབྲེལ་ཆད་ཏང་ཡོན། “ཁུག་མའི”ཏང་ཡོན། ལས་འཁྱུར་ལས་བྲལ་ངལ་གསོ་རྒྱག་མཁན་ཏང་ཡོན་བཅས་ཀྱི་དམིགས་བསལ་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་དམིགས་ནས། མཐིལ་རྟོགས་དང་འབྲེལ་གཏུགས་ཐུབ་པའི་རྨང་གཞིའི་ཐོག་ཆ་སྒྲིག་རོགས་སྐྱོར་བྱས་ནས་སློབ་སྦྱོང་བྱེད་པར་མངགས་པ་དང་། རང་འགུལ་ངང་སྒོ་ཁར་ཕྱིན་ནས་སློབ་སྦྱོང་ལ་གདན་ཞུ་བྱེད་པ། ལས་སྟེགས་བཏོད་དེ་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་འབུར་དུ་ཐོན་པར་བྱས་པ་རེད།

ལམ་ལུགས་ཀྱི་འགན་ལེན་དོན་ཐོག་ཏུ་འཁྱོལ་བར་བྱས་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ལམ་ལུགས་ཞིབ་འཇུག་ནན་ཏན་བྱས་ནས་བཟོས་ཏེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་པ་སྟེ། ཆ་འཕྲིན་སྙན་ཞུའི་ལམ་ལུགས་བཙུགས་པ་དང་། 《ཆ་འཕྲིན་དང་གནས་ཚུལ་གནད་བསྡུས་སྙན་ཞུའི་ལས་དོན་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་དང་། གནས་ཚུལ་གནད་བསྡུས་དང་ཆ་འཕྲིན་ལས་དོན་གྱི་དཔྱད་ཞིབ་བྱེད་ཐབས་བཟོ་བ། སློབ་སྦྱོང་སློབ་གསོའི་མཐུན་སྦྱོར་ཚོགས་ཆུང་གིས་དུས་བཀག་ལྟར་ཆ་འཕྲིན་དང་གནས་ཚུལ་གནད་ཞུ་དང་། དེ་བཞིན་བེད་སྤྱོད་བཏང་ཚུལ་ལ་བརྡ་ཁྱབ་ཐེངས་རེ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ་བཅས་བྱས་ནས་ཆ་འཕྲིན་སྤེལ་རེས་དང་། ཉམས་མྱོང་ཕྱོགས་སྡོམ། དཔེ་མཚོན་ཁྱབ་གདལ་བཅས་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། གཟའ་འཁོར་རེར་སྙན་ཞུ་ཐེངས་རེ་བྱེད་པའི་ལམ་ལུགས་བཙུགས་པ། རྫོང(ཆུས)ཁག་དང་ཚན་པ་ཁག་ལ་གཟའ་འཁོར་རེའི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་དང་། གཟའ་འཁོར་རྗེས་མའི་འཆར་གཞི། བསམ་འཆར་དང་གྲོས་འགོ ལས་དོན་གྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་དང་། དེ་བཞིན་སྔོན་ཐོན་དཔེ་མཚོན་སོགས་ཕྱོགས་བསྡུས་ཡར་ཞུ་བྱེད་དགོས་པ་མ་ཟད་དཔེ་མཚོན་ཁྱབ་བདལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

དྲིལ་བསྒྲགས་སྣེ་ཁྲིད་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་པ། དྲིལ་བསྒྲགས་ཀྱི་རྣམ་པ་ལེགས་པོ་ཞིག་གཏོད་ཆེད། དོན་དངོས་དང་ཟུང་འབྲེལ་གྱིས《གཞིས་རྩེ་གྲོང་ཁྱེར་གྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི”སློབ་སྦྱོང་སློབ་གསོའི་དྲིལ་བསྒྲགས་ཇུས་གཞི》ཞིབ་འཇུག་ནན་ཏན་བྱས་ནས་བཟོས་པ་རེད། 《གཞིས་རྩེའི་ཚགས་པར》ཐོག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་པར་ངོས་བཏོན་པ་དང་། གྲོང་ཁྱེར་བརྙན་འཕྲིན་འཕྲིན་ལམ་ཐོག“གཞིས་རྩེའི་གདོང་ལེན་པ་ངའི་མིག་དཔེ”ཞེས་པའི་ཆེད་བསྒྲིགས་ལེ་ཚན་དང་དུས་ཐོག་གསར་འགྱུར་སྤེལ་གཏོང་བྱས་པ། ཏང་འཛུགས་སྐྱོང་དྲ་ཚིགས་དང་། དཔོད་ཕྲན། སྐད་འཕྲིན་སྤྱི་རྟགས་སོགས་བེད་སྤྱད་དེ་དྲ་ཐོག་དྲིལ་བསྒྲགས་བྱས་པ་རེད། རྣམ་པ་མང་པོ་དང་། ཐབས་ལམ་མང་པོ། གཞི་རྟེན་མང་པོ་བཅས་བརྒྱུད་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས། རྒྱ་ཆེའི་ཏང་ཡོན་ཚོར་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་བྱེད་དུ་བཅུག་པ་མ་ཟད། སློབ་སྦྱོང་སློབ་གསོའི་ལས་དོན་ནང་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་པ་དང་། སྤྱོད་ཚུལ་སྒྱུར་བ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཁོང་དུ་ཆུད་གང་ཐུབ་བྱེད་དུ་བཅུག་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།