ཆབ་མདོ་གྲོང་ཁྱེར་གྱིས་གཞི་རྟེན་བཙུགས་ནས་སློབ་སྦྱོང་སློབ་གསོའི་ནང་དོན་རྒྱ་ཆེར་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་རིམ་ཁག་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་རིང་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་། རིམ་པ་དབྱེ་བའི་སློབ་སྦྱོང་།  སློབ་སྦྱོང་གཏིང་ཟབ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ཚོར་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་དང་སྒྲིག་ལམ་ཡག་པོ་སྲུང་བའི་ཐད་དངོས་འབྲེལ་འབད་བརྩོན་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

སྟོན་ཕྱོགས་གསལ་སྟོན་བྱས་ནས་གཞི་རྩ་ནས་བཅོས་རྒྱུ་དང་རྨང་རྩ་བརྟན་གཏོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་།  རིམ་ཁག་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང”གི་རྨང་གཞི་དམ་འཛིན་ཏན་ཏིག་དང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཀྲི་པུའུ་ཏང་ཡོན་གྱི་ཚོགས་འདུ་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ། ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་སོགས་བརྟེན་སར་བྱས་ནས་རང་སྦྱོང་དང་། གཅིག་སྡུད་སློབ་སྦྱོང་། མྱོང་ཚོར་གླེང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་དང་། ཚད་གཞི། སྲོལ་ཡིག་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་གང་ཞིག་བསྒྲུབ་འོས་པ་དང་། གང་ཞིག་བསྒྲུབ་མི་འོས་པ། གང་ཞིག་བསྒྲུབ་རུང་བ། གང་ཞིག་བསྒྲུབ་མི་རུང་བ་བཅས་གསལ་རྟོགས་ཐུབ་པ་དང་། བསམ་པའི“འཚོ་བཅུད”གང་ལེགས་གསབ་པ་དང་ཁ་ཕྱོགས་སྟངས་འཛིན་ཡག་པོ་ཐུབ་པ་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས། ཆེད་དོན་སློབ་སྦྱོང་ཐེངས5400དང་ཆེད་དོན་སློབ་སྦྱོང་གི་ཟུར་ཁྲིད་ཐེངས120ཙམ་བྱས་པ་མ་ཟད། གྲོང་ཁྱེར་དང་རྫོང་གི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས། ཆེད་དོན་སློབ་སྦྱོང་ཐེངས24བཅས་བྱས་པས་ལས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད།

འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་བཏང་ནས་རིམ་པ་གོང་མས་གཤམ་འོག་ལ་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རིང་། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་རྒྱུར་དོ་སྣང་བྱས་ནས་རང་འགུལ་ངང་སློབ་སྦྱོང་སྔོན་ལ་གཏིང་ཟབ་བྱས་ཏེ“འགག་རྩ་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཆབ་མདོ་གྲོང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་མང་འཚོགས་ནས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཆེད་དམིགས་ཏང་གི་སློབ་ཚན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་ཀྱི་ཐོག་ནས་བྱ་སྤྱོད་སྔོན་དུ་སྤེལ་ཐུབ་པ་བྱུང་ཡོད། གྲོང་ཨུད་རྩ་འཛུགས་པུའི་ལས་དོན་ཚོགས་འདུའི་ཐོག་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྔོན་ལ་གཅིག་སྡུད་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་བཤུ་འབྲིའི་ཉིན100ཡི་བྱེད་སྒོ་སྤེལ་ནས། པུའུ་ལས་ཁུངས་ཀྱི་ཏང་ཡོན་ཡོངས་རྫོགས་རང་འགུལ་ཐོག་མཉམ་དུ་ཞུགས་ཐུབ་པའི་སྣེ་ཁྲིད་བྱས་པ་རེད། སྟེང་ཆེན་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ“ཏང་གི་སྒྲིག་ཡིག་བཤུ་འབྲི་དང་། འགན་འཁྲི་བློ་ལ་བརྟན་པོར་བཅངས་པ། ལེགས་སྐྱེས་འབུལ་འདོད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་ཞོར་གྱི་དུས་ཚོད་དམ་འཛིན་གྱིས་ཏང་གི་སྒྲིག་ཡིག་བཤུ་འབྲི་དང་། ཏང་གི་སྒྲིག་ཡིག་བློ་ལ་ངེས་པ། ཏང་གི་སྒྲིག་ཡིག་རྟོགས་པའི་གོ་རྟོགས་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྫོང་དེ་ཡོངས་ཀྱི་ཏང་ཡོན་ལ་མིག་དཔེ་དང་ཚད་ཤིང་བཏོད་ཡོད། རི་བོ་ཆེ་རྫོང་གི་ཏང་ཡོན་ལས་བྱེད་པ་ཚོ་རྫོང་ཐད་གཏོགས་ལས་ཁུངས་དང་ཤང་དང་གྲོང་རྡལ་དང་གཞི་རིམ་ཏང་ཀྲི་པུའུ་རུ་བསྐྱོད་ནས། སློབ་སྦྱོང་ནང་ཞུགས་རྒྱུ་དང་ནུས་པ་འདོན་རྒྱུར་སྣེ་ཁྲིད་དེ་ཏང་ཡོན་དཀྱུས་མར་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད།

ཏང་ཡོན་གྱི་དོན་དངོས་ལ་དམིགས་ཏེ་རིགས་དབྱེ་སློབ་སྟོན་དང་གཅིག་གྱུར་འཆར་འགོད་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་རིག་གནས་ཆུ་ཚད་དང་ལས་རིགས་ངོ་བོ་སོགས་ཀྱི་ཧེ་བག་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། ཏང་ཡོན་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་དང་དོན་དངོས་ལ་དམིགས་ཏེ་ཞིབ་ཕྲའི་བཀོད་སྒྲིག་བྱས་ནས་སློབ་སྦྱོང་སློབ་གསོའི་དངོས་ཕན་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་བཏང་ཡོད། སྨར་ཁམས་རྫོང་གིས་ཕྱོགས་མི་ཏང་ཡོན་གྱི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག་ཐག་ཉེ་སའི་རྩ་དོན་ལ་གཞིགས་ཏེ་ཕྱོགས་མི་ཏང་ཡོན27གཞི་རིམ་ཏང་ཀྲི་པུའུ་ཡི་སློབ་སྦྱོང་སློབ་གསོའི་ནང་ཞུགས་ཐུབ་ནས་གཅིག་ཀྱང་མ་ལུས་པ་བྱུང་ཡོད། ཁ་རུབ་ཆུས་ཀྱིས《དྲ་འཕྲིན་གྱི་ཁ་རུབ》ཅེས་པའི་སྐད་འཕྲིན་སྤྱི་སྟེགས་ཐོག་ཆེད་དམིགས་ལེ་ཚན་བཏོད་དེ། ཕྱོགས་མི་ཏང་ཡོན་དང་ཡུལ་གཞན་ནས་གནས་སྤོ་བྱས་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་རྒྱག་མཁན་ཏང་ཡོན་ལ་གཙོ་གནད་དུ་དམིགས་ཏེ། སློབ་སྦྱོང་གི་ནང་དོན་དུས་བཀག་ཐོག་ཡོངས་བསྒྲགས་དང་རྒྱང་རིང་སློབ་སྦྱོང་གི་མཛུབ་ཁྲིད་བྱས་ཤིང་། མིག་སྔར་འབྲེལ་ཡོད་ཆ་འཕྲིན་ཁག120ཙམ་ཡོངས་བསྒྲགས་བྱས་ཡོད་པ་རེད། དཔལ་འབར་རྫོང་གིས་ཤང་གྲོང་དང་གྲོང་ཚོ་ཨུ་ལྷན་ཚན་པར་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་ལེགས་པ་དང་རིགས་པའི་གཞུང་ལུགས་ཀྱི་ལས་སྒོ་བྱང་ཆུབ་པའི་བློ་མཐུན་ལས་གྲུབ་པའི་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་ཞབས་ཞུ་རུ་ཁག་མངགས་གཏོང་བྱས་ནས། དུས་བཀག་ཐོག་ལོ་ན་མཐོ་བ་དང་གཟུགས་གཞི་སྐྱོ་བའི་ཏང་ཡོན་གྱི་ཁྱིམ་དུ་བསྐྱོད་དེ་སློབ་སྦྱོང་ཐད་མཛུབ་ཁྲིད་བྱས་པས་མིག་སྔར་སྒོ་རྩར་སློབ་སྦྱོང་ཁྱབ་གདལ་ཐེངས230ཙམ་བཏང་ཡོད་པ་རེད།

བྱ་ཐབས་དང་བྱེད་ཐབས་གསར་གཏོད་བྱས་ནས་ཡུལ་བབ་དང་བསྟུན་ནས་ལུགས་མཐུན་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་སོ་སོའི་ཚན་པ་དང་། ལས་རིགས། ཁྱབ་ཁོངས་བཅས་ཀྱི་ཏང་ཡོན་གྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་སྦྱོང་བྱ་ཐབས་གཏན་འཁེལ་དང་། སློབ་སྦྱོང་འཆར་གཞི་བཟོ་བ། སློབ་སྦྱོང་གི་གཙོ་གནད་གསལ་བཟོ་བཅས་ཀྱི་ཐོག་ནས་ཕྱི་ཚུལ་རིང་ལུགས་མི་ཐོན་པ་བྱས་ཡོད། གོ་འཇོ་རྫོང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རུ་ཁག་ཚང་མ་ནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆུ་ཚད་མཐོ་བ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བའི་རུ་མི་རེ་བདམས་ནས་ཟུར་ཁྲིད་པའི་འགན་འཁུར་དུ་བཅུག་སྟེ། གྲོང་ཚོའི(ཨུ་ལྷན)ཞིང་འབྲོག་པའི་ཏང་ཡོན་གྱི་སློབ་སྦྱོང་ལ་མཛུབ་ཁྲིད་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་ཚོས“སློབ་སྦྱོང་བྱེད་མི་ཤེས་པ་དང་བྱས་ཀྱང་མི་ཤེས་པའི”གནད་དོན་ཐག་གཅོད་ནུས་ལྡན་བྱུང་ཡོད། མཛོ་སྒང་རྫོང་གི་ཤང(གྲོང་རྡལ)དང་གྲོང་ཚོ(ཨུ་ལྷན)ཁག་ཏུ“མཚན་མོའི་སློབ་གྲྭ”བཙུགས་ཏེ་རྫོང་ཐད་གཏོགས་ཚན་པ་དང་ཤང(གྲོང་རྡལ)ནས་རིག་གནས་ཆུ་ཚད་མཐོ་བ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ལེགས་པའི་ལས་བྱེད་པ་སྐོང་འཐེན་བྱས་ནས། སློབ་ཁྲིད་བྱེད་དུ་བཅུག་སྟེ་དོགས་གནད་སེལ་བ་དང་སློབ་སྦྱོང་ལ་མཛུབ་ཁྲིད་བྱས་པས། མིག་སྔར་སློབ་ཚན་ཚོགས་ཐེངས20ཙམ་འཚོགས་ནས་དོགས་གནད་ཁག་90ཙམ་སེལ་རོགས་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།