ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་དོན་ཡོངས་བསྒྲགས་ལ་སྐུལ་མ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་དོན་ཡོངས་བསྒྲགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་དོན་ཡོངས་བསྒྲགས་དང་ཀུན་གསལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་བཏང་བ་རེད།

ཡོངས་བསྒྲགས་ཀྱི་ནང་དོན་ཁ་གསལ་བཟོས་པ། དམངས་ཕན་མ་དངུལ་དང་། ནོར་སྲིད་གཏོང་ཡོང་། མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འགན་གཙང་། མྱུར་འགྲུབ་རྣམ་གྲངས་སོགས་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱེད་ཁོངས་སུ་བཅུག་ནས་གྲོང་མི་གྲོང་ཚོའི་ལས་དོན་ལ་ལྟ་སྐུལ་བྱེད་པའི་ནང་ཞུགས་སུ་བཅུག་ཡོད། ཡོངས་བསྒྲགས་བྱེད་སྟངས་ཁ་གསལ་བཟོས་པ། མངོན་གསལ་དོད་སར་གཏན་འཇགས་ཀྱི་གྲོང་དོན་ཡོངས་བསྒྲགས་སྒྲོམ་གཞི་བཙུགས་ནས་དུས་བཀག་ཐོག་ཡོངས་བསྒྲགས་བྱེད་པ་མ་ཟད་གྲོང་མིའམ་གྲོང་མིའི་འཐུས་མིའི་ཚོགས་འདུ་འཚོགས་པ་དང་དམངས་ཕན་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་ཚོའི་ལས་དོན་ལ་ལྟ་སྐུལ་བྱེད་པའི་ནང་ཞུགས་པའི་གྲོང་མིའི་འདུ་ཤེས་ཟབ་ཏུ་བཏང་ཡོད། འགན་འཁྲི་བདའ་འདེད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་ཁྲོད་ཐོན་པའི་གནད་དོན་མཐའ་དག་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་གྲོང་དོན་ཡོངས་བསྒྲགས་དུས་ཐོག་ཏུ་མི་བྱེད་པ་དང་དོན་དངོས་མིན་པ་སོགས་ལས་མང་ཚོགས་བློ་ཡིད་ཚིམ་པོ་མ་བྱུང་བ་དང་། ཤུགས་རྐྱེན་ངན་པ་བཟོས་རིགས་ལ་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་བཏང་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།