བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོར་སྐུལ་སྤེལ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན།  བོད་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་འབྲེལ་གཏུགས་གསུམ་དང་སྐུལ་སྤེལ་གསུམ།  གྲོགས་འགྲིག་གཅིག་བཅས་ཀྱི་བྱེད་སྒོས་གཞི་རྟེན་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་དང་གསར་གཏོད་ནུས་པ།  གོང་བུ་སྒྲིལ་ཤུགས་བཅས་སྔར་བས་ཆེ་རུ་བཏང་ཐོག་སེམས་ནུས་ཡོད་རྒུས་དགེ་སློབ་ལ་དང་སློབ་གསོ་གོང་འཕེལ་བསྒྱུར་བཅོས།  སློབ་གྲྭའི་བརྟན་ལྷིང་བདེ་འཇགས་བཅས་ལ་ཞབས་ཞུ་སྒྲུབ་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱུང་ནས་མེས་རྒྱལ་གོང་བུ་གཅིག་འགྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

བོད་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་གཅིག་འགྱུར་བཀོད་སྒྲིག་གཞིར་བཟུང་།  རང་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱིས་སྤྱི་ལོ2014ལོའི་ཟླ5པ་ནས་བཟུང་འབྲེལ་གཏུགས་གསུམ་དང་སྐུལ་སྤེལ་གསུམ།  གྲོགས་འགྲིག་གཅིག་བཅས་ཀྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།  ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་སློབ་ཆེན་དང་ས་ཁུལ(གྲོང་ཁྱེར)སློབ་གསོ་ལུས་རྩལ་ཅུད་དང་།  འབྲེལ་བ་བྱེད་པའི་ལས་ཀའི་ལམ་ལུགས་ལ་གཞིགས་ནས་ཨུ་ཡོན་ལྷན་ཁང་དང་ཐིང་གི་དབུ་ཁྲིད་རེས་སློབ་ཆེན་གཅིག་དང་ཡང་ན་ས་ཁུལ(གྲོང་ཁྱེར)གྱི་སློབ་གསོ་ལུས་རྩལ་ཅུད་གཅིག་དང་འབྲེལ་བ་བྱེད་པ་དང་།  ས་ཁུལ(གྲོང་ཁྱེར)གྱི་སློབ་གསོ་ལུས་རྩལ་ཅུད་ཀྱིས་འགོ་ཁྲིད་ལས་བྱེད་པས་རྫོང་སློབ་གསོ་ཅུད་དང་སློབ་གྲྭ་དང་འབྲེལ་བ་བྱེད་པའི་ལམ་ལུགས་བཙུགས་པ་དང་།  འཐུས་སྒོ་ཚང་དུ་བཏང་ནས་ཅུད་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རེས་རྫོང་སློབ་གསོ་ལུས་རྩལ་ཅུད་གཅིག་དང་འབྲེལ་བ་བྱེད་པ་དང་།  སློབ་གྲྭ་གཅིག་གམ་ཡང་ན་འབྲིང་རིམ་ལས་རིགས་སློབ་གྲྭ་དང་སློབ་གྲྭ་འབྲིང་ཆུང་།  བུ་བཅོལ་ཁང་བཅས་མང་པོ་དང་འབྲེལ་བ་བྱེད་ཀྱི་ཡོད།

འབྲེལ་གཏུགས་གསུམ་དང་སྐུལ་སྤེལ་གསུམ།  གྲོགས་འགྲིག་གཅིག་བཅས་ཀྱི་བྱེད་སྒོ་སྤེལ་ཚུན།  རང་ལྗོངས་སློབ་གསོ་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་དགེ་རྒན་ཡོངས་ཀྱིས་གཅིག་གཏད་གཅིག་གི་རོགས་པ་དང་གཅིག་གཏད་མང་པོའི་རོགས་པ།  ལག་གདང་སྦྲེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་འབྲེལ་གཏུགས་བྱས་པའི་སློབ་གྲྭ་དང་སློབ་གླིང་ཡང་ན་འཛིན་གྲྭའི་དགེ་རྒན་དང་སློབ་ཕྲུག་གཅིག་གམ་ཁ་ཤས་དང་སྤུན་གྲོགས་འགྲིག་པ་དང་།  སློབ་ཆེན་གྱི་སློབ་མ་ཚང་མས་འཛིན་གྲྭ་དང་ཉལ་ཁང་།  སློབ་མའི་ཚོགས་པ།  དང་སྣང་ཚོགས་ཆུང་སོགས་ཀྱི་རྩ་འཛུགས་ནང་ཞུགས་ནས་སློབ་སྦྱོང་དང་རིག་གནས།  ལུས་རྩལ།  སྒྱུ་རྩལ་སོགས་བྱེད་སྒོ་བརྒྱུད་མི་རིགས་ཁག་གི་སློབ་མ་དང་སྤུན་གྲོགས་འགྲིག་སྟེ་ཕན་ཚུན་འབྲེལ་བ་བྱེད་པ་དང་བརྩི་བཀུར་བྱེད་པ།  སློབ་སྦྱོང་བྱེད་པ།  གཅེས་སྐྱོང་བྱེད་པ།  རོགས་རམ་བྱེད་པ་བཅས་བྱས་ནས་ཐུན་མོང་འཚར་ལོངས་དང་ཡར་རྒྱས་ཡོང་བ་བྱས་ཡོད་པ་རེད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།