​བྱ་ཐབས་མང་པོ་སྤྱད་ནས་གནད་འཕིགས་དབུལ་སྐྱོར་ལ་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས། གྲོང་ཚོར་བཅའ་སྡོད་ལས་ཀའི་ལས་འགན་ལ་དམིགས་ཏེ་གནད་འཕིགས་དབུལ་སྐྱོར་གྱི་ལས་དོན་ལ་རོགས་སྐྱོར་ཏན་ཏིག་བྱས་ཡོད་པ་རེད།

སློབ་སྦྱོང་ཧུར་ཐག་བྱས་ཏེ་གནས་འཕིགས་དབུལ་སྐྱོར་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས། རྣམ་པ་སྣ་ཚོགས་ཐོག་ནས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། གནད་འཕུགས་དབུལ་སྐྱོར་གྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ་དབུལ་སྐྱོར་ལས་དོན་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དབར་དབུལ་སྐྱོར་དེ་ཉིད་ལས་ཀའི་གཙོ་གནད་དུ་འཛིན་རྒྱུའི་ངོས་འཛིན་གཅིག་གྱུར་བྱུང་སྟེ“སྡོད་ཁང་དང་། འབྲུ་རིགས། འཚོ་བའི་མཁོ་ཆས། ངལ་རྩོལ་ནུས་ཤུགས། སློབ་མ། བསམ་པའི་འཁྱེར་སོ། གྲོང་པ་ཚོའི་ཤོད་སྟངས་བཅས་ལ་ལྟ་བ”སོགས་ཀྱི་བྱ་ཐབས་ཐོག་ནས་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བ་འགན་སྲུང་དུད་ཚང་གི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཡོད་པ་རེད། ཡིག་ཚགས་དང་གཱ་བཟོས་ནས་དབུལ་སྐྱོར་གྲངས་གཞིའི་བསྡོམས་རྩིས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་བརྟག་ཞིབ་བྱས་རྗེས་གནས་ཚུལ་མཐིལ་རྟོགས་བྱུང་རིགས་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་མ་ཟད། དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་གྲོས་བསྡུར་བྱས་ནས་དབུལ་སྐྱོར་གྱི་བསམ་ཕྱོགས་གཏན་འཁེལ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།