མཚོ་སྣ་རྫོང་གིས་བྱ་ཐབས་སྣ་མང་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རོགས་རམ་བྱས་པ།

759.jpg

1456830501037340.jpg

10970049_988356.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2015ལོར་མཚོ་སྣ་རྫོང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་མཐའ་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ་དང“ལྟེ་བ་གཉིས་གཏོད་པ་དང་། ཐོན་ལས་ཁག་གསུམ་སྟོབས་ཆེར་གཏོང་བ། གཙོ་གནད་བཞིར་སྐུལ་འདེད་གཏོང་བ”བཅས་མང་ཚོགས་ལ་འབབ་འཕར་ཡོང་བའི་ལས་ཀའི་བསམ་ཕྱོགས་དང“ཤང་གཅིག་ལ་བྱ་ཐབས་གཅིག”དང“གྲོང་ཚོ་གཅིག་ལ་བྱ་ཐབས་གཅིག”གི་འབབ་འཕར་བྱ་ཐབས་ཁ་གསལ་བཟོས་ནས་གནད་སྨིན་དབུལ་སྐྱོར་བྱས་ཏེ་ཤང་དང་། གྲོང་ཚོ། དུད་ཚང་། མི་བཅས་ལ་འཚམ་པའི་ཐབས་ཇུས་ལག་བསྟར་བྱས་ཡོད་པ་རེད། མིག་སྔར་རྫོང་ཡོངས་ཀྱི་དུད་ཚང1746གི་མི་འབོར་དབུལ་པོ4119ལ་ཡིག་ཚགས་དང་གཱ་བཟོ་བའི་ལས་དོན་ལེགས་གྲུབ་ཟིན་ནས་དུས་མཇུག་གི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

ཏང་ཡོན་ལས་བྱེད་པ“གྲོང་ཚོ་དང་དུད་ཚང་ལ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་རྫོང་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་འབྲེལ་གཏུགས་ས་ཚིགས་སུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་འདྲི་བ་དང་། དམངས་ཀྱི་འདོད་བློ་འདྲི་བ།  དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་པ་དང་དུས་མཚུངས་རྫོང་ཐད་གཏོགས་ལས་ཁུངས་ཚན་པ་དང་ལས་བྱེད་པ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ལས་ཀའི་ལམ་སྲོལ་མུ་མཐུད་ཟབ་ཏུ་བཏང་བ་དང་འབྲེལ་ཤང་དང་གྲོང་རྡལ་དབུལ་པོར་གཙོ་གནད་ཐོག་ཕྱོགས་ཡོད་པ་རེད།

རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་ཁག་གི་དམངས་ཕན་སྲིད་ཇུས་ལག་བསྟར་ཧུར་ཐག་དང་དམངས་ཕན་མ་དངུལ་ཁག་དོན་འཁྱོལ་ཧུར་ཐག་བྱས་ཤིང་། 2015ལོར་རྫོང་ཡོངས་སུ་ཞིང་ཕན་དམངས་ཕན་མ་དངུལ་སྒོར་ཁྲི4186.61དོན་འཁྱོལ་བྱས་པ་དང་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར3000ལྷག་ཙམ་རག་རྒྱུར་སྐུལ་འདེད་བཏང་ཡོད། སྤྱིའི་མ་དངུལ་སྒོར་ཁྲི9311བཏང་བའི་རྣམ་གྲངས17ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྤྲད་པས་ལས་མི་མང་ཚོཌ་ལ་སྤྱིའི་ཡོངས་འབབ་སྒོར་ཁྲི3445རག་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།

དབུལ་སྐྱོར་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པ་དང་མ་དངུལ་སྒོར་ཁྲི2324.9ཟིན་པའི་དབུལ་སྐྱོར་རྣམ་གྲངས་བསྐྲུན་པས། དུད་ཚང370ཡི་མི875དབུལ་སྒྲོལ་ཐུབ་ཡོད། དུས་མཚུངས་གོང་ཞུའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་གསེད་བཀྲོལ་ཧུར་ཐག་བྱས་ཤིང་། 2015ལོར་འདེབས་འཛུགས་དང་། གསོ་ཚགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དང་འབྲེལ་བའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས14གསེད་བཀྲོལ་བྱས་པ་དང་ས་ཁུལ་གྱིས་རྣམ་གྲངས11ལ་ཆོག་མཆན་སྤྲད་པ་དེར་ཁྱོན་མ་དངུལ་སྒོར་ཁྲི1332བཏང་ཡོད། ཁྱོན་མ་དངུལ་སྒོར་ཁྲི1272གཏོང་རྒྱུའི་མཐའ་དར་དམངས་ཕྱུག་རྣམ་གྲངས7བརྩོན་ལེན་བྱས་པས། མི5000ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2000ནས3000བར་འཕར་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།