ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དུས་ཚིགས་དང་པོར་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར6.69བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། ཟླ་གསུམ་པའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར6.69བཏང་ནས་ལྷག་གྲངས་སྒོར་དུང་ཕྱུར247.32ལས་མེད་པའི་ནང་ཡིག་ཚགས་དང་གཱ་ཡོད་པའི་དུད་ཚང་དབུལ་པོའི་མི་སྒེར་ལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར2.39དང་ཚན་པའི་དབུལ་སྐྱོར་དངུལ་བུན་སྒོར4.29བཏང་བ་ཚུད་ཡོད། ཞིང་འབྲོག་ཁུལ་དུ“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་ས་ཚིགས309གསར་བཙུགས་བྱས་པ་དེ་ལོ་འགོ་ལས8.35%འཕར་ནས། མིག་སྔར་བསྡོམས་འབོར4011ཟིན་པ་དང་ཞིང་ཕན་གཱ་གསར་པ་ཁྲི2ལྷག་ཙམ་སྤྲད་ཡོད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།