ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིག་ནུས་གཏོང་སྤྲོད་ལས་སྒོར་བརྟེན་ནས་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་ཁོར་ཡུག་ལེགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིག་ནུས་གཏོང་སྤྲོད་ལས་སྒོ་རྒྱ་ཆེར་བཏང་སྟེ་དངུལ་རྩའི་ཞབས་ཞུ་མེད་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་དངུལ་རྩའི་ཞབས་ཞུ་ཁྱབ་གདལ་བཏང་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་དྲ་བ་རིམ་བཞིན་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོ་ནས་ཕྱིར་འགྲོ་མི་དགོས་པར་དངུལ་རྩའི་ལས་སྒོ་གཉེར་རྒྱུར་སྟབས་བདེ་བསྐྲུན་ཡོད། 2016ལོའི་ཟླ3པ་བར་རིམ་རྩིས་བྱས་ན་དངུལ་ཁང་དེས་རིག་ནུས་གཏོང་སྤྲོད་ཀྱི་དུད་སྣེ6312བཙུགས་པའི་ནང་རྫོང་ཁོངས་མན་ཆད་ལ་དུད་སྣེ1841བཙུགས་པས་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་གྲོང་ཡོངས་ལ་སྤྱིར་ན་ཁྱབ་ཐུབ་པ་བྱུང་ནས་ཞིང་འབྲོག་པའི་འབོར་ཉུང་གཏོང་སྤྲོད་དང་མཇུག་རྩིས་རྒྱག་པའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་རིག་ནུས་གཏོང་སྤྲོད་དུད་སྣེའི་ནུས་པ་མང་བ་དང་བཀོལ་སྤྱོད་སྟབས་བདེ་པོ་ཡོད་པ་དེ་ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞིང་གསུམ”དང་ལྷག་པར་དུ་མཐའ་མཚམས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་རེད། ཞིང་སྐྱོར་ལས་སྒོ་ཁྱབ་གདལ་གཏོང་བ་དང་སྐུད་མེད་འཕྲིན་གཏོང་རྣམ་པ་བཀོལ་སྤྱོད་ཐུབ་པ་དང་བསྟུན་ནས་རིག་ནུས་གཏོང་སྤྲོད་ལས་སྒོས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ། “གསེར་སྙེའི་ཞིང་ཕན་ཀུན་ཁྱབ”འདུ་འགོད་སོགས་ཀྱིས“ཞིང་གསུམ”ལས་དོན་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་ཐོན་ཡོད་པས་ལྗོངས་ཡོངས་ཀྱི་གློག་རྡུལ་དངུལ་ཁང་གི“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཐབས་ལམ་གཙོ་བོར་གྱུར་ཡོད། 2015ལོར་དངུལ་ཁང་དེའི་རིག་ནུས་གཏོང་སྤྲོད་ལས་སྒོའི་འབོར་ཚད་ཁྲི23.67ཟིན་ནས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར11.41ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།