བོད་ལྗོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་དེ་ས་བབ་དམའ་བའི་ས་ཁུལ་ནས་སྔ་རྗེས་སུ་བྱེད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་སྤེལ་ཏེ་དཔྱིད་འདེབས་ཐོན་སྐྱེད་དེ་ས་བབ་དམའ་བའི་ས་ཁུལ་ནས་སྔ་རྗེས་སུ་བྱེད་འགོ་ཚུགས་ཡོད།  ཉེ་དུས།  ས་ཁུལ(གྲོང་ཁྱེར)ཁག་གིས་འདེབས་འཛུགས་འཆར་གཞིར་བརྟག་དཔྱད་བསྡོམས་རྩིས་བརྒྱབ་པར་གཞིགས་ན།  བོད་ལྗོངས་ཀྱི་དཔྱིད་འདེབས་འཆར་གཞི་རྒྱ་ཁྱོན་མུའུ་ཁྲི་ཚོ324.42ཟིན་གྱི་ཡོད་པ་དང་།  སྤྱི་ཟླ3པའི་ཚེས25ཉིན་བར་དཔྱིད་འདེབས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་ཚོ15ལྷག་ལེགས་སྒྲུབ་ཟིན་པ་དེས་དཔྱིད་འདེབས་འཆར་གཞིའི5%བཟུང་ཡོད།  དེའི་ནང་ལྷ་ས་གྲོང་ཁྱེར་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ཚོ1.27དང་ལྷོ་ཁ་ས་ཁུལ་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ཚོ3.12། ཉིང་ཁྲི་གྲོང་ཁྱེར་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ཚོ6.8།  ཆབ་མདོ་གྲོང་ཁྱེར་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ཚོ3.96བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།