བོད་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འགན་སྲུང་ནུས་པ་མཐོ་རུ་ཕྱིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་ནས་ཤེས་རྟོག་བྱུང་བར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་རང་ལྗོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་རྨང་གཞིའི་འགན་སྲུང་ནུས་པ་མཐོ་རུ་ཤུགས་ཆེ་ཕྱིན་ནས་ཆུ་དང་མཁའ་རླུང་།  ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་དྲ་བ་སྤྱིར་ན་སྐྲུན་ཟིན་ཏེ།  ཁོར་ཡུག་སྤུས་ཚད་ཀྱི་ཞིབ་བཤེར་ཚད་ལེན་དང་སྦགས་བཙོག་ཡོངས་ཁུངས་ཀྱི་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན།  ཆེད་དོན་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་འགན1119ལེགས་སྒྲུབ་ཟིན་པ་དང་།  རིགས་ཁག་གི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྲི་ཚོ23ལྷག་ཙམ་གསལ་རྟོགས་ཐུབ་པ་རེད།

དེང་སྐབས་རང་སྐྱོང་ལྗོངས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་རྣམ་གྲངས་རིགས་ཆེན་པོ6དང་རྣམ་གྲངས112བར་རྒྱ་ཆེ་རུ་ཕྱིན་ཡོད་པ་དང་།  ས་ཁུལ9གྲོང་ཁྱེར)བདུན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་ལ་རང་སྐྱོང་ལྗོངས་རིམ་པའི་ཚད་འཇལ་ཁས་ལེན་དཔང་འདོན་བྱུང་ཡོད་པ།  ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་གྱི་བཅད་ཁ194དང་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་གནས84། རྫོང་རིམ་པ་ཡན་གྱི་གཅིག་བསྡུས་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ལྟ་ཞིབ་ཚད་ལེན་བྱེད་གནས110བཅས་བཀོད་སྒྲིག་བྱས་ཡོད་པ་རེད།
       ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཞིར་བཟུང་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ།  ཁྱབ་འགྱེད།  ཆ་འཕྲིན།  དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་རྨང་གཞིའི་ནུས་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།  ཚད་ལྡན་ཅན་གྱི་བླང་བྱ་གཞིར་བཟུང་དཔྱད་ཆས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་།  ཁོར་ཡུག་ལྟ་ཞིབ་དྲ་མིག་ཅན་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལྟེ་གནས་འཛུགས་རྒྱུ།  བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ2015ལོ་ནས2020ལོའི་བར་གྱི་རིག་ནུས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱིའི་འཆར་འགོད་ལག་བསྟར་བྱས་ནས།  གྲངས་གཞི་ཅན་དང་ལངས་གཟུགས་ཅན།  རིག་ནུས་ཅན།   ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་འདོམས་དྲ་བའི་སྟེགས་བུ་སྐྲུན་རྒྱུ་བཅས་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།