ན་ནིང་ལྷ་ས་གྲོང་ཁྱེར་གྱིས་ནན་གསུམ་དྲང་གསུམ་གྱི་སློབ་གསོའི་བཅོས་སྒྲིག་བྱེད་སྒོ་ཏན་ཏིག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2015ལོའི་ཚུན་དུ།  ལྷ་ས་གྲོང་ཁྱེར་གྱིས་ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོའི་བཅོས་སྒྲིག་བྱེད་སྒོ་ཏན་ཏིག་སྤེལ་བ་དང་།  སྤྱི་ལོ2015ལོའི་ཟླ11པའི་ཟླ་མཇུག་བར་ལྷ་ས་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆུང83བཙུགས་ནས།  ལས་ཁུངས502དང་།  བཟའ་འཐུང་དང་རོལ་རྩེད་ཁང254བཅས་ལ་ཞིབ་བཤེར་བྱས་པ་དང་།  གཞུང་འཁོར216ལ་ཞིབ་བཤེར་བྱས་པ།  གཞུང་འཁོར་བེད་སྤྱོད་ལེགས་སྒྲིག་ཁག་བཞི་བཅས་བྱས་ཡོད་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་བརྒལ་བའི་གནད་དོན13ཞིབ་བཤེར་ཐག་གཅོད་དང་།  མི38ཐག་གཅོད་བྱས་པའི་ནང་མི24ལ་ཏང་གི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ནས་ཆེད་དོན་སློབ་གསོའི་བྱེད་སྒོའི་བཅོས་སྒྲིག་དོན་འཁྱོལ་ལ་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཡོད།

ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་ཚུན།  ལྷ་ས་གྲོང་ཁྱེར་གྱིས་གཅིག་བསྡུས་ཐོག་གཞི་རིམ་ལས་བྱེད་པས་ལས་དོན་མི་སྒྲུབ་པ་དང་བྱ་སྤྱོད་གང་བྱུང་སྤེལ་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་རིང་ཐོན་པའི་ལས་དོན་མི་སྒྲུབ་པ་དང་བྱ་སྤྱོད་གང་བྱུང་སྤེལ་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་ཐད་སླར་ཡང་གཙང་སེལ་བཅོས་སྒྲིག་བྱས་ཏེ།  གནད་དོན74ཞིབ་བཤེར་ཐག་གཅོད་བྱས་ཡོད།

ལྷ་ས་གྲོང་ཁྱེར་གྱིས་ནན་གསུམ་དྲང་གསུམ་དང་བློ་དཀར་སྤྱོད་གཙང་།  འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་དམངས་འཚོ་ལེགས་བཅོས་ཀྱི་ཕན་བདེའི་ཐོག་མངོན་པར་བྱས་པ་དང་དོན་དངོས་བྱ་བ་བཅུ་ཡག་པོ་སྒྲུབ་པ་བརྒྱུད།  ཁ་གསབ་ཁག་དོན་འཁྱོལ་བྱེད་པ་དང་རྗེས་མཐུད་ཀྱི་ཕྱུག་འགྱུར་ཐོན་ལས་གོང་འཕེལ་སྟོབས་ཆེར་གཏོང་བ།  གནད་འཕིགས་དབུལ་སྐྱོར་ལམ་སྲོལ་འཐུས་ཚང་བཟོ་བ། སྤྱི་ཚོགས་འགན་སྲུང་ལམ་སྲོལ་འཐུས་ཚང་བཟོ་བ།  སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།  ཤ་ཚལ་སྒོང་གསུམ་གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ།  ཐོན་སྐྱེད་བདེ་འཇགས་དང་བོགས་གཏོང་རླངས་འཁོར།  འགྲིམ་འགྲུལ་བདེ་འཇགས།  གྲོང་ཁྱེར་གྱི་རྣམ་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སོགས་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མང་ཚོགས་ལ་དོན་དངོས་བྱ་བ་སྒྲུབ་པ་བརྒྱུད་ནས་ཏང་ཡོན་ལས་བྱེད་པའི་འབད་བརྩོན་དང་འགྱུར་ལྡོག་མྱོང་ཚོར་ཐུབ་པ་བྱས་ཡོད་ལ།  སྤྱི་ལོ2015ལོའི་ཟླ12པའི་ཟླ་མཇུག་བར།  གྲོང་ཁྱེར་དེ་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་ཚོ8000ཙམ་བཏང་ནས་རྨང་བརྟན་དམངས་ཕན་བྱེད་སྒོའི་མྱུར་འགྲུབ་རྣམ་གྲངས262དོན་འཁྱོལ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།