ལོ་ལྔ་ཚན་བཅུ་གཉིས་རིང་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔ་ཚན་བཅུ་གཉིས་པའི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་ཞབས་ཞུའི་ནུས་པ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་སྨན་བཅོས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།   མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གྱི་དམིགས་ཚད་སྤྱིར་ན་སྒྲུབ་ཐུབ་པ་བྱུང་ཡོད།

ལོ་ ལྔ་ཚན་བཅུ་གཉིས་པའི་རིང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་ཁང་གསར་པ་དང་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་བསྒྱུར་བཟོ་རྒྱ་སྐྱེད་དང་།  འགག་སྒོའི་སྨན་ཁང་གཉིས།  རྗོང18ཀྱི་འཕྲོད་བསྟེན་ལྟ་སྐུལ་ཟོའོ་གསར་འཛུགས་དང་ལེགས་བཅོས།  རྫོང18ཀྱི་མྱུར་སྐྱོབ་ནུས་པ་འཛུགས་སྐྲུན།  གཞིས་རྩེ་གྲོང་ཁྱེར་རིམས་འགོག་ལྟེ་གནས་དང་རྫོང་གསུམ་གྱི་རིམས་འགོག་ལྟེ་གནས།  རྫོང་གསུམ་གྱི་སྨན་རྩིས་ཁང་།  ཤང་གྲོང་རྡལ67གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན།  བསམ་གྲུབ་རྩེ་ཆུས་བདེ་ལེགས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས།  ཤང་གྲོང་རྡལ་དྲུག་གི་འཕྲོད་བསྟེན་ཁང་གི་ལས་བཟོའི་ཉལ་ཁང་འཛུགས་སྐྲུན་རྣམ་གྲངས་བཅས་ལེགས་གྲུབ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར4.33བཏང་ཡོད།

ལོ་ ལྔའི་རིང་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་དང་སྨན་བཅོས་འགན་སྲུང་ཆུ་ཚད་ རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།   ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐད་སྲིད་གཞུང་ནས་ཁ་གསབ་བྱེད་པའི་ཚད་གཞི་དེ་ སྤྱི་ལོ2010ལོའི་མི་རེར་ཆ་སྙོམས་སྒོར180ནས་སྤྱི་ལོ2015ལོའི་སྒོར420བར་མཐོ་རུ་བཏང་ཡོད་པ་དང་།  ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་མང་ཚོགས་ཚང་མར་ཁྱབ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།  མི་སྒེར་གྱིས་མ་དངུལ་གྲབས་གསོག་བྱེད་ཚད99%ཟིན་པ་དང་ཞིང་འབྲོག་མང་ཚོགས་ཤང་དང་རྗོང་།  གྲོང་ཁྱེར་བཅས་རིམ་པ་ཡན་གྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཚད་དེ་ཁག་སོ་སོར90%དང85%།75%བཅས་བར་མཐོ་རུ་ཕྱིན་པ་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་གྲོན་དངུལ་མང་ཤོས་སྒོར་ཁྲི་དྲུག་རྩིས་ཞུ་བྱེད་ཆོག་གི་ཡོད་ཅིང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་གྲོན་དངུལ་ཚད་གཞི་ལས་བརྒལ་བར་སྨན་བཅོས་རོགས་སྐྱོབ་དང་ནད་ཆེན་ཁ་གསབ་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཚང་མས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་དམིགས་ཚད་དུ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།