ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།དེང་གི་བོད་ཀྱི་གཞུང་ཁོངས་ཁེ་ལས་ལ། དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་ཐོན་པ་སྟེ། བོད་ལྗོངས་མཁའ་ལམ་དང་། བོད་ལྗོངས་གཏེར་ལས། མཐོ་བརྩོན་མ་རྐང་། ཀྲུང་ཤིན་ཚོང་དོན་ཚོགས་པ། བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་ཀྱི་ཁེ་ལས་འཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་འཕེལ་རྒྱས་ཕྱིན་ཁར། གཞུང་ཁོངས་མ་རྩའི་ཁྱབ་ཚུལ་དང་གྲུབ་ཆ་བཟང་སྒྲིག་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། ཁེ་ལས་ཀྱིས་བསགས་ནོར་ཕན་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཁེ་ལས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་ཐོག་སྤུས་མཐོ་ཕན་འཕར་ཡང་བྱུང་ཡོད།

སྒྱུར་བཅོས་ལས་གསོན་ཤུགས་ཐོན་པ་དང་སྒྱུར་བཅོས་ལས་ཕན་འབྲས་ཐོན་པ། 2015ལོའི་ལོ་མཇུག་བར། ལྗོངས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་256.56ཟིན་པ་དང་། རྒྱུ་ནོར་དངོས་འཕར་སྒོར་དུང་ཕྱུར་148.21ལོ་ལྔར་རིམ་རྩིས་བྱས་ན་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་182.74མངོན་འགྱུར་བྱུང་བ། ཁེ་གཙང་བསྡོམས་འབོར་སྒོར་དུང་ཕྱུར་18.24 ཁྲལ་འཇལ་དངུལ་སྒོར་དུང་ཕྱུར་17.97བཅས་ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”ལྡབ་3.42དང་། ལྡབ་3.08 ལྡབ་2.05 ལྡབ་2.15 ལྡབ་1.79བཅས་སོ་སོར་ཟིན་པ་དང་། ཁེ་ལས་ཀྱི་ལས་མིའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་7.97ཟིན་ནས་2010ལོ་ལས་ལྡབ་གཅིག་འཕར་བ། 2015ལོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་44.21དང་། ཁེ་གཙང་བསྡོམས་འབོར་སྒོར་དུང་ཕྱུར་6.21 ཁྲལ་འཇལ་དངུལ་སྒོར་དུང་ཕྱུར་3.72བཅས་ཟིན་པ་དེ་2014ལོ་ལས་ཁག་སོ་སོར་40.93%དང་། 103.61% 11.38%བཅས་སོ་སོར་འཕར་ནས་དམིགས་ཚད་ཁག་རྒྱལ་ཡོངས་དང་ཀྲུང་དབྱང་ཁེ་ལས་ཀྱི་འཕར་བའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་རང་འགུལ་ངང་དཔལ་འབྱོར་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་པ།

སྒྱུར་བཅོས་ལ་མཐའ་མེད་ལ། སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུར་དེ་བས་མཐའ་མེད། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བློ་ཁོག་ཆེན་པོས་གསར་གཏོད་བྱས་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་དེང་རབས་ཁེ་ལས་ལམ་ལུགས་དང་ཁྲོམ་རའི་གཉེར་སྐྱོང་ལམ་སྲོལ་སྔར་བས་བཙུགས་པའི་ཐོག་འཐུས་ཚང་དུ་བཏང་བ་སྟེ།

གཅིག་ནས་གཞུང་ཁོངས་མ་རྩའི་ཁྱབ་ཚུལ་དང་གྲུབ་ཆ་བཟང་སྒྲིག་བྱས་པ་དང་། གཉིས་ནས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་ཆེད་ལས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་སྔར་བས་ཆེ་རུ་བཏང་བ། གསུམ་ནས་དབང་བའི་ལམ་ལུགས་མཉམ་འདྲེས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གཞུང་ཁོངས་དཔལ་འབྱོར་གྱི་ཚད་ཤིང་གི་ཕན་འབྲས་འདོན་སྤེལ་བྱས་པ། བཞི་ནས་ཀྲུང་དབྱང་དང་ས་གནས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ལྔ་ནས་རྒྱལ་སྤྱིའི་ཚོང་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་ལས་དོན་སྤེལ་ཡོད།

བསམ་བློར་བཅིངས་འགྲོལ་དང་། གོ་སྐབས་དམ་འཛིན། སྒྱུར་བཅོས་ཟབ་གཏོང་། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་པའི་ཐོག་གཞུང་ཁོངས་ཁེ་ལས་ཀྱི“སྣེ་ཁྲིད་དང་། སྣེ་འདྲེན། དཔེ་སྟོན ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་འབྲེལ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གཞུང་ཁོངས་ཁེ་ལས་ལ་འཛུགས་སྐྲུན་རྒྱུ་ཆ་དང་། གཏེར་ཐོན། བོད་སྨན། དམངས་སྤྱོད་འབར་རྫས་དངོས་ཟོག ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ཐད་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

གསར་གཏོད་མཉམ་འགུལ་ཐོག་ནས་ལྟེ་བའི་འགྲན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

“སྒོར་ཁྲི་ཁ་ཤས་ཀྱི་རྒྱུ་ནོར་ནས་ད་ཆ་སྒོར་དུང་ཕྱུར་ཁ་ཤས་ཟིན་པའི་བདུད་རྩི་རྟགས་ཅན་གྱི་བོད་སྨན་དེ་རྒྱལ་ཡོངས་ཁྲོད་གཞི་ཁྱོན་ཆེ་ཤོས་དང་། ལོ་རྒྱུས་ཡུན་རིང་ལྡན་པ། ལག་རྩལ་སྟོབས་ཤུགས་ལྡན་པ་བཅས་ཀྱི་སྲོལ་རྒྱུན་བོད་སྨན་ཐོན་སྐྱེད་ཁེ་ལས་སུ་གྱུར་ཡོད”བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་དེང་རབས་ཅན་གྱི་ཐོན་སྐྱེད་འཁོར་ཁང་རྒྱུ་ཆ་པུའི་སྤྱི་ཁྱབ་ཅིང་ལི་དབང་འདུས་ཀྱིས“བདུད་རྩི་རྟགས་ཅན་གྱི་བོད་སྨན་2012ལོར་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་སྨན་ཐང་བཟོ་མཁན་ཙམ་ཞིག་ནས་སྒྱུར་བཅོས་དང་འཕེལ་རྒྱས་བཏང་བ་བརྒྱུད། 2015ལོར་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་4.87དང་། དངོས་འཕར་རྒྱུ་ནོར་སྒོར་དུང་ཕྱུར་2.9 ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་1.22 ཁེ་གཙང་བསྡོམས་འབོར་སྒོར་ཁྲི་1068 ཁྲལ་འཇལ་སྒོར་ཁྲི་2073 ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་1200བཅས་ཟིན་པའི་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ཀྱི་སྣེ་འདྲེན་ཁེ་ལས་སུ་གྱུར་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

བོད་ཀྱི་ཁྱད་ལྡན་ཐོན་ལས་ལྗོངས་ཆེན་བསྐྲུན་རྒྱུའི་བླང་བྱ་དང“ཡུལ་སྐོར་རྒྱ་སྐྱེད་དང་། ཚོང་དོན་བསྡུ་སྒྲིལ། བཟོ་ལས་རིམ་སྤོར། རྒྱ་སྟོབས་མ་འཇོག”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཐོན་ལས་བོད་དར་གྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རིམ་རྩིས་བྱས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་28བཏང་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་2བཀོད་སྒྲིག་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱི་ཐོག་ནས་ཨར་ལས་རྒྱུ་ཆ་དང་། གཏེར་ཐོན། དམངས་སྤྱོད་འབར་རྫས་དངོས་ཟོག ཚོང་དོན། ཡུལ་སྐོར། བོད་སྨན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ཡོད།

“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ”དང་། “ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་བསྐྲུན་རྒྱུ”བཅས་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལས་འགན་གལ་ཆེན་ཡིན་པས། དེར་བརྟེན་གཞུང་ཁོངས་ཁེ་ལས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ལས་ཆོད་ཆེ་རུ་བཏང་ནས་ལག་རྩལ་རིམ་སྤོར་གྱི་བྱེད་ཐབས་ལག་བསྟར་བྱས་པའི་ཐོག་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.1(དེའི་ནང་ཁེ་ལས་ཀྱིས་སྒོར་དུང་ཕྱུར་4.91གྲབས་གསོག་བྱས་པ) བཏང་ནས་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལག་རྩལ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་12ལེགས་སྒྲུབ་བྱས་པར། མངོན་གསལ་དོད་པའི་ཕན་འབྲས་ཐོབ་པ་མ་ཟད། སྤུས་མཐོ་དང་། མ་གནས་གཅོག་པ། ཕན་འཕར་བཅས་ཀྱི་དམིགས་ཡུལ་སྒྲུབ་ཐུབ་པ་བྱུང་ཡོད།

སྒྱུར་བཅོས་འགག་སྒྲོལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བྱས་པ།

རང་ལྗོངས་ཀྱི་གཞུང་ཁོངས་ཚོང་དོན་ཁེ་ལས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་ལེགས་གཏོང་སོགས་ལ་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འོན་ཀྱང་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པར་བརྟེན། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཞན་པས། དཀའ་གནད་ཀྱི་རྣམ་པའི་ཁྲོད་གནས་ཡོད།

ད་ཆ་བཅིངས་འགྲོལ་ཚོགས་པ་དང་དངོས་ཟོག་སྤྱི་ཁྱབ་ཀུང་སི་སོགས་ཚོང་དོན་འཁོར་རྒྱུག་ཁེ་ལས་བརྒྱད་ལ་ཁྱོན་ཡོངས་ནས་ལམ་ལུགས་སྒྱུར་བཅོས་དང་བསྐྱར་འཛུགས་བྱས་ནས་ཀྲུང་ཤིན་ཚོང་དོན་ཚོགས་པ་ཀུང་སི་བཙུགས་པ་དང་། ལས་རིགས་དང་། ཚོང་དོན། ཟོག་འགྲེམས་བཅས་ལས་རིགས་ཆེན་པོ་གསུམ་ལས་གྲུབ་པའི་ཁེ་ལས་ཤིག་ཏུ་གྱུར་ཡོད། 2015ལོར་གཉེར་སྐྱོང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་1.7དང་། ཁེ་གཙང་བསྡོམས་འབོར་སྒོར་ཁྲི་634 གོང་འབུལ་དཔྱ་ཁྲལ་སྒོར་ཁྲི་412 བཅས་ཟིན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་ཙམ་ཐོབ་ཡོད།

2012ལོར་སྒྱུར་བཅོས་ཁྱབ་ཁོངས་ནང་བཞག་པའི་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་223ལམ་ལུགས་སྒྱུར་བཅོས་བྱེད་ཚད་100%ཟིན་ཏེ་དེང་རབས་ཁེ་ལས་ལམ་ལུགས་རྩ་བའི་ཆ་ནས་བཙུགས་པ་མ་ཟད། ཁྲིམས་མི་ཁྲིམས་སྐྱོང་གི་གྲུབ་ཆ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་གཉེར་སྐྱོང་ལམ་སྲོལ་བསྒྱུར་བའི་ཐོག“ལམ་ལུགས་གསུམ”གྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་ཕྱིན་ཡོད།

སྒྱུར་བཅོས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་པ་དང་ཁེ་ལས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཁྲོམ་རའི་ཐོན་ཟོག་གྲངས་འབོར་ཆེ་རུ་གཏོང་ཆེད་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ཁེ་ལས་དོ་དམ་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཐོག་རྒྱུན་ཆད་མེད་པར་འཚོལ་ཞིབ་ཀྱང་བྱས་ཡོད།

ཁྲོམ་ར་ཅན་གྱི་བྱེད་ཐབས་ཐོག་ནས་ལས་རིགས་ཅིང་ལི་འདེམས་པའི་ལས་དོན་སྤེལ་ཞིང་། 2014ལོར་མཐོ་བརྩོན་མ་རྐང་ཀུང་སིས་གཉེར་སྐྱོང་དོ་དམ་ཚོགས་པ་གདན་ཞུ་བྱས་པས་ལོ་གཉིས་བསྟུད་མར་གཉེར་སྐྱོང་གི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་2015ལོར་ཨར་འདམ་ཐོན་ཚད་ཏུན་ཁྲི་250ཟིན་པ་དེ་2013ལོ་ལས་ཏུན་ཁྲི་147འཕར་བ་དང་ཐོན་རྫས་ཀྱིས་ལྷ་ས་དང་ཉིང་ཁྲིའི་ཁྲོམ་རའི་80%བཟུང་སྟེ་རྐང་བདག་དང་། ལས་བཟོ། ཚོང་དུད་བཅས་གསུམ་བློ་ཡིད་ཚིམ་པོ་བྱུང་ཡོད། ཅི་ཧྲེང་འཛུགས་སྐྲུན་རྒྱུ་ཆ་ཀུང་སིས་ལས་རིགས་ཅིང་ལི་གདན་ཞུ་བྱས་པས་ལོ་8བསྟུད་མར་གྱོང་གུན་ཕོག་རྗེས་གཞི་ནས་ཁེ་བཟང་བྱུང་ཡོད།

“‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་ང་ཚོའི་ཀུང་སིའི་ཐོན་ཟོག་བྲིན་ཁ་རྒྱུག་པོ་དང་ཐོན་སྐྱེད་གཉེར་སྐྱོང་འཕར་བའི་རྣམ་པ་བཟང་པོ་ཐོན་པ་དང་ལྷག་པར་དུ་2014ལོར་ཡིད་རྟོན་ཁྲིམས་སྲུང་གི་གཉེར་སྐྱོང་དོ་དམ་ཚོགས་པ་གདན་ཞུ་བྱས་རྗེས་རྩེར་སོན་དོ་དམ་དང་། ཞན་ཆ་གསབ་པ། བྱ་དགའ་ཆད་གཅོད་དོན་འཁྱོལ་བཅས་ཀྱི་ལྕག་འདེབས་གཅུན་འདོམས་ལམ་སྲོལ་ཁྱབ་གདལ་བཏང་བར་བརྟེན་ཀུང་སིའི་ཐོན་སྐྱེད་ལག་རྩལ་གྱི་དམིགས་ཚད་ཁག་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པ་དང་ཐོན་ནུས་མཐོ་རུ་ཕྱིན་ཏེ་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་2013ལོའི་23%ནས་2015ལོའི་47%བར་འཕར་ཡོད”ཅེས་མཐོ་བརྩོན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་བཤད་པའི་སྐད་ཆ་དེ་ཐོག་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་ཐོབ་པའི་མིག་མཐོང་ལག་འཛིན་གྱི་ཕན་འབྲས་དངོས་གང་ལེགས་གསལ་བཤད་བྱུང་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།