འདི་ནི་མགོན་མདོ་ཆུ་ཤུགས་གློག་ཁང་གི་ཟུར་ཞིག་ཡིན་པ (2015ལོའི་ཟླ་12ཚེས་31ཉིན་པར་བླངས)

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་མགོན་མདོ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་དང་ཐེག་ཚད་མཐོ་བའི་སྒོ་ནས་ལོ་རེར་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3ལྷག་ཙམ་ཟིན་རྒྱུ་རེད། ཆུ་ཤུགས་གློག་ཁང་དེས་སྔར་ལས་ལྷག་པའི་སྒོ་ནས་བོད་ཤར་རྒྱུད་ཀྱི་གློག་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་སྟེ་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་འབྲེལ་མཐུད་རྟེན་གཞི་འཛུགས་སྐྲུན་བྱ་ཕྱིར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

ཧྭ་ནུས་མགོན་མདོ་ཆུ་ཤུགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏོན་ཁྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མགོན་མདོ་ཆུ་ཤུགས་གློག་ཁང་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཚེར་དབད་ཤང་དུ་གནས་པ་དང་ལས་གྲྭ་གཙོ་བོ་2013ལོར་ལས་འགོ་ཚུགས་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་38.33བཏང་ཡོད་པ་རེད། ལས་གྲྭ་དེའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་16.5ཟིན་པ་དང་ཁྱོན་འཕྲུལ་ཙུའུ་4ལ་དབྱེ་བ་དང་ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་8.319ཟིན་གྱི་ཡོད་པ་རེད། མིག་སྔའི་བར་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་30བཏང་བ་དེས་སྤྱིའི་མ་དངུལ་གཏོང་ཚད་ཀྱི་78%ཡན་བཟུང་ཡོད་པ་རེད། མགོན་མདོ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་དེ་སྔོན་དཔག་ལྟར་ན་2016ལོའི་ཟླ་6པར་རྦད་དེ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།