ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་དང་། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི། གསར་བརྗེའི་རྨས་མ་དང་དབང་པོ་སྐྱོན་ཅན་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དཔུང་སྡེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། ལས་བྲལ་ངལ་གསོ་རྒྱག་པའི་དམག་ཁོངས་མིན་པའི་ལས་བཟོ་བཅས་ལ།
2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ལ་ཉེ་བའི་སྐབས་འདིར་ང་ཚོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཁྱེད་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
འདས་ཟིན་གྲབས་ཡོད་པའི་2015ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་གསར་གཏོད་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་འབྲས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་དང་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་པ་དང་དུས་མཚུངས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་དང་། སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི། གསར་བརྗེའི་རྨས་མ་དང་དབང་པོ་སྐྱོན་ཅན་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དཔུང་སྡེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། ལས་བྲལ་ངལ་གསོ་རྒྱག་པའི་དམག་ཁོངས་མིན་པའི་ལས་བཟོ་བཅས་ཀྱི་སྤྱང་གྲུང་ལྡན་པའི་བློ་གྲོས་དང་དཀའ་སྤྱད་རྔུལ་ཆུ་ལས་བྱུང་བ་ཞིག་རེད།
ལོ་གཅིག་ནང་བོད་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་རང་རེའི་ཏང་དང་རང་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དེང་དུས་དམག་མིའི་ལྟེ་བའི་རིན་ཐང་ལྟ་བ་བློ་དཀར་ངང་ལག་བསྟར་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། རྒྱལ་ཁབ་དང་མཐའ་མཚམས་སྐྱོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ། ཉེན་སྐྱོབ་གེགས་སེལ་དང་འཕྲལ་སྒྲུབ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་སོགས་ཛ་དྲག་ཆེ་བ་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ། ཚབས་ཆེ་བ་བཅས་ཀྱི་ལས་འགན་རང་འགུལ་ངང་ཕྲག་ཏུ་ཁུར་བ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག་དང་། སྤྱི་ཚོགས་ཞི་མཐུན་གྱི་དྲིལ་བསྒྲགས་རུ་ཁག སྲོལ་གསར་སྲོལ་བཟང་གི་འཐུས་མི་རུ་ཁག ཁྲིམས་སྐྱོང་སྲུང་སྐྱོང་གི་དམག་འཐབ་རུ་ཁག དཀའ་རོགས་དཀའ་སེལ་གྱི་ཞབས་ཞུ་རུ་ཁག་བཅས་རང་འགུལ་ངང་བྱས་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྷག་པར་དུ“4·25”ས་ཡོམ་གྱི་ཡོམ་འགོག་ཉེན་སྐྱོབ་གེགས་སེལ་ཁྲོད་བོད་སྡོད་བཅིངས་འགྲོལ་དམག་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་སྲོག་ཉེན་ལ་མི་འཛེམ་པ་དང་འགག་སྒྲོལ་དཀའ་སེལ་གྱིས་ཡོམ་འགོག་གེགས་སེལ་གྱི་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། བོད་སྡོད་དཔུང་སྡེ་ནི་ཏང་དང་། སྤྱི་ཚོགས་རིང་ལུགས། མེས་རྒྱལ། མི་དམངས་བཅས་ལ་བློ་དཀར་བའི་རྔམ་བརྗིད་ལྡན་པའི་དཔུང་ཁག་དང་ཡ་རབས་ལྡན་པའི་དཔུང་ཁག་ཅིག་དང་། མཐའ་མཚམས་སྲུང་སྐྱོང་དང་མཐའ་སྲུང་སྲ་བརྟན་གྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཤུགས་དམག་དང་བོད་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་སྲ་ཞིང་བརྟན་པའི་ཀ་རྟེན། ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་ས་མཐོའི་སྟོབས་ལྡན་དཔུང་ཁག་བཅས་ཡིན་པ་ལག་ལེན་ཁྲོད་ནས་ར་སྤྲོད་གང་ལེགས་ཐུབ་ཡོད། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི། གསར་བརྗེའི་རྨས་མ་དང་དབང་པོ་སྐྱོན་ཅན་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དཔུང་སྡེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། ལས་བྲལ་ངལ་གསོ་རྒྱག་པའི་དམག་ཁོངས་མིན་པའི་ལས་བཟོ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་རང་གཤིས་རྒྱུན་འཁྱོངས་དང་། ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དཔེ་མཚོན་ངང་ལག་བསྟར་བྱེད་པ། ཁྱོན་ཡོངས་ལ་ལྟ་རྟོག་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་བོད་ཀྱི་མི་རིགས་ཁག་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ལོ་གསར་པ་འཆར་བ་དང་རྣམ་པ་གསར་རྐྱང་དུ་འགྱུར། 2016ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་འགག་རྩའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཞིག་ཡིན་ཞིང་། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།
ང་ཚོས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དམག་དམངས་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ། དམག་དམངས་མཉམ་འདྲེས་ངང་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རེ་བར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་མུ་མཐུད་སྲིད་བཀུར་དམངས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས།
བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་དང་། ལྗོངས་ཡོངས་ཀྱི་སྔོན་གཤེགས་དཔའ་བོ་དང་དམག་མིའི་ཁྱིམ་མི། གསར་བརྗེའི་རྨས་མ་དང་དབང་པོ་སྐྱོན་ཅན་དམག་མི། གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་ཕྱིར་ལོག་པ་དང་ལས་སྒྱུར་བྱས་པའི་དམག་མི། དཔུང་སྡེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ། ལས་བྲལ་ངལ་གསོ་རྒྱག་པའི་དམག་ཁོངས་མིན་པའི་ལས་བཟོ་བཅས་དུས་ཆེན་སྤྲོ་པོ་དང་། བྱ་བ་ལམ་འགྲོ གཟུགས་གཞི་བདེ་ཐང་། ཁྱིམ་ཚང་བདེ་སྐྱིད་ལྡན་པ། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།
རང་སྐྱོང་ལྗོངས་དམག་བཀུར་ཁྱིམ་སྐྱོང་གི་དྲོ་སྐྱིད་སྦྱིན་པའི་སྤྱི་ཁྱབ་འཚམས་འདྲི་ཚོགས་པས།
2015ལོའི་ཟླ་12ཚེས་30ཉིན།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
བོད་ལྗོངས་མངལ་རིས་ས་ཁུལ་ཏུ་ལོ་ངོ་ཁྲི400ལྷག་འགོར་བའི་གཅན་གཟན་ཁྱི་མ་ཞིམ་གྱི་འགྱུར་རྡོ་རྙེད།
རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་གཟེངས་བསྟོད་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་བསྡུས།
ས་ལེ་གྲོང་ཚོའི་རང་ལོ་བདུན་ཅུ་ལྷག་ཙམ་གྱི་རྒན་རྒོན་འགའ་ཞིག་གིས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པ།
སྐབས་གཉིས་པའི་སྙེ་མོའི་ཁྱད་འཕགས་ལག་ཤེས་གསུམ་གྱི་འགྲན་སྡུར་འགོ་ཚུགས་པ།
བོད་ཁུལ་གསར་འགྱུར།
- སྲིད་ཇུས་གལ་ཆེན་ཁ་ཕྱོགས་ལྷག་པར་གསལ།
- སྟོད་ལུང་བདེ་ཆེན་རྫོང་གིས་བོད་ནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ས་གཙང་འབྱུང་འཕྲོད་ཐོན་ལས་གོང་འཕེལ་བཏང་པ།
- བྱེད་ཐབས་གསར་གཏོད་ཀྱིས་དབུལ་སྒྲོལ་དམ་འཛིན་བྱེད། བློ་གཅིག་སེམས་གཅིག་གིས་དམངས་ལ་མིག་དཔེ་བསྟན།
- བོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ།
- བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས། མཐོ་གྲང་དང་ས་མཐོའི་གྲོང་རྡལ་དུ་ཉི་ནུས་དྲོད་འདོན་ལག་རྩལ་ཞིབ་འཇུག་བྱས་པ།
- མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.5འགྲེམ་གཏོང་བྱས་པས་མཁར་གྲོང་གི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི6.3ལ་ཕན་བདེ་སྐྲུན།
- “གཙང་གསུམ་འབྱུང་ཡུལ་རྟགས་མ”འི་པར་ལེན་རྒྱུ་རྩལ་བཤམས་སྟོན་གྱི་དཔྱད་འབྲས་གསལ་བསྒྲགས་བྱས་པ་དང་བརྩམས་ཆོས145ལ་བྱ་དགའ་ཐོབ།
- ལྷོ་ཁ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་གཞི་མཐོ་རུ་བཏང་བ།
- བོད་ལྗོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་དང་འབྲེལ་བའི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཕྱོགས་སྡོམ་གཟེངས་བསྟོད་དང་2016ལོའི་གྱོད་དོན་ཐོ་འགོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།