ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གུས་ཤིང་བརྩེ་བའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལ།

རྙིང་སྐྱེལ་གསར་བསུའི་མཛེས་སྡུག་ལྡན་པའི་དུས་དེར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ལྟར་ཁྱེད་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་ཡིན། དཀའ་སྤྱད་འབད་འབུངས་བྱས་ནས་རྣམ་གསར་གཏོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུའི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་མཐུན་སྒྲིལ་འབད་འབུངས་ཀྱིས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ནས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་བརྗིད་ཆགས་ཉམས་དང་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་ཞིག་བརྩམས་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་ལྟ་བུའི་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། དེང་དུས་ཀྱི་བོད་དུ་མཆོང་སྐྱོད་འཕེལ་རྒྱས་ལས་གནམ་ས་གསར་པར་གྱུར་བ་དང་། བརྟན་ལྷིང་མཐུན་སྒྲིལ་ལམ་བུ་རྒྱ་ཆེར་གཏོད། གངས་ལྗོངས་ས་མཐོར་མཐུན་སྒྲིལ་མེ་ཏོག་བཞད། རྒྱལ་གཅེས་ཆོས་གཅེས་ཞི་མཐུན་ལྡན་པར་གྱུར། གངས་ལྗོངས་བུ་ཕྲུག་དགའ་སྤྲོས་ཡོངས་སུ་མྱོས།

འདས་ཟིན་པའི་2015ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་གཅིག་དང་། གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལོ་གཅིག བཀྲ་ཤིས་བྱ་བ་ཡང་ཡང་ཐོན་པའི་ལོ་གཅིག་བཅས་རེད། ལོ་གཅིག་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགོ་ཁྲིད་འོག་བློ་མཐུན་ཁྲེང་ཆོན་གོས་གཙོ་བོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འདུས། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ཡོམ་འགོག་གེགས་སེལ་གྱི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཇུས་འགོད་དང་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་ཀྱི་གྲུབ་འབྲས་དང་། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་ཟོལ་མེད་རོགས་རམ་བྱེད་པའི་གྲུབ་འབྲས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་དོན་ཏན་སྒྲུབ་དང་འབད་འཐབ་ལྷོད་མེད་གནང་བའི་གྲུབ་འབྲས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་འབད་འབུངས་བྱེད་པའི་གྲུབ་འབྲས་བཅས་རེད་ལ་ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་སེམས་ཤུགས་དང་བློ་གྲོས་ཀྱང་གཅིག་འདུས་བྱས་ཡོད།

འདས་ཟིན་པའི་ལོ་གཅིག་ནང་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལས་གནས་ནས་ཁ་བྲལ་ཡང་སེམས་པ་བྱ་གཞག་ལ་བཅངས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་གཅིག་སེམས་གཅིག་གིས་དུས་ཚོད་གང་རུང་དང་གནས་ཚུལ་གང་རུང་འོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་གང་ས་ཅི་ཐད་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ་བཅས་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤེལ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་མྱུར་པོ། དམངས་འཚོ་ལེགས་གཏོང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་སོགས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་དོན་འཁྱོལ་ནང་ཧུར་ཐག་ཞུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་མཐུན་སྒྲིལ་དང་། ཞི་མཐུན། བདེ་སྐྱིད། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་ལྷག་མ་འདོན་སྤེལ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་བོད་དང་སེམས་པ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་གནང་གི་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་བོད་ཀྱི་གནས་བབ་གལ་ཆེན་སྔར་བས་གསལ་སྟོན་བྱས་པ་དེ་ནི་ཏང་གི་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་གསར་པ་ཡིན་པ་དང་། རང་རེའི་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་ལོ་རྒྱུས་གསར་པ་གཏོད་པ། བོད་འདི་ཉིད་འཕེལ་རྒྱས་གཏོང་བའི་བརྗིད་ཆེའི་འཆར་འགོད་བཟོས་པ་བཅས་རེད། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མདུན་སྐྱོད་ཀྱི་དུང་བརྡ་བཏང་ཡོད།

2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འགོ་ཚུགས་པའི་ལོ་དང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ནི་ང་ཚོའི་ཏང་གི་མཐའ་སྐྱོང་བོད་བརྟན་ཡོང་བ་བྱེད་པའི་སྲིད་འཛིན་ཐོན་ཁུངས་གལ་ཆེན་དང་། བོད་དུ་ཏང་གི་སྲིད་འཛིན་རྨང་གཞི་དང་སྲིད་འཛིན་གནས་བབ་བརྟན་དུ་གཏོང་བའི་སྲ་བརྟན་འགྱུར་མེད་ཀྱི་བརྟེན་ས། བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་སྟོབས་ཤུགས་གལ་ཆེན་བཅས་རེད། རེ་བར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཆབ་སྲིད་ལེགས་ཆ་དང་། ཉམས་མྱོང་ལེགས་ཆ། སྙན་གྲགས་ལེགས་ཆ་བཅས་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཐབས་དང་ཇུས་འདོན་པ། ནུས་ཤུགས་ལྷག་མ་འདོན་སྤེལ་བཅས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཆེད་དུ་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་སླར་ཡང་ལེགས་སྐྱེས་གསར་པ་འབུལ་དགོས།

རྒྱ་ཆེའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཁྲེན་ཆོན་གོས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གཏིང་ཟབ་ཏན་ཏིག་ངང་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས། ལོ་གསར་པའི་ནང་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ལས་བྱེད་པ་རྒན་གྲས་ཀྱི་ཆབ་སྲིད་འཚོ་བའི་ཐད་ཀྱི་ཐོབ་ཐང“གཉིས”དོན་འཁྱོལ་ནན་པོ་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ལས་བྱེད་པ་རྒན་གྲས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ་སྤྱི་ཚོགས་ཡོངས་སུ་ལས་བྱེད་པ་རྒན་གྲས་ལ་གཅེས་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་སྔར་བས་ཆགས་པ་བྱེད་པ་དང་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཀྱིས་ལུས་པོར་གཅེས་སྐྱོང་གིས་ནད་མེད་ཚེ་རིང་ཡོང་བ་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་ཐེངས་མང་གནང་བ་རེད།

“ནུབ་ཁའི་ཉི་མར་སྔར་བཞིན་འོད་སྣང་ལྡན”རེ་བར་ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱིས་སྔར་རྒྱུན་བཞིན་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་གི་ལེའུ་གསར་པ་རྩོམ་དགོས།

ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་དཔྱིད་གསར་སྤྲོ་པོ་དང་། ནད་མེད་ཚེ་རིང་། ཁྱིམ་ཚང་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལས་བྱེད་པ་རྒན་གྲས་ཅུས་ཀྱིས།

2015ལོའི་ཟླ་12ཚེས་31ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།