ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་བའི་ལོའི་ནང་སྟོད་ལུང་བདེ་ཆེན་རྫོང་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ནས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཤིའི་ཧྭ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ལེགས་ཆར་བརྟེན་ཏེ། ནས་ཀྱི་ཐོན་རྫས་དེ་ཚན་རྩལ་གྲུབ་འབྲས་ཀྱི་འབྲས་བུར་འགྱུར་རྒྱུའི་ཐད་ཁྲིད་སྟོན་བྱས་ཐོག་ས་གཙང་འབྱུང་འཕྲོད་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ་རེད།
ཉེ་དུས་ཚོགས་པའི་སྟོད་ལུང་བདེ་ཆེན་རྫོང་གི་སྔོ་ལྗང་ནས་ཞིང་ཞེས་པའི་མུ་འབྲེལ་ཐོན་རྫས་ཀྱི་སྤུས་རྟགས་འགྲེམས་བསྒྲགས་ཚོགས་འདུའི་ཐོག སྟོད་ལུང་བདེ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་གྲོས་ཀྱི་ཀྲུའུ་ཞི་ཀོའོ་ཀྲི་ཧྥུང་གིས་གསར་འགོད་པར། ད་ལོ་སྟོད་ལུང་བདེ་ཆེན་རྫོང་ས་གཙང་འབྱུང་འཕྲོད་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་སྟོད་ལུང་བདེ་ཆེན་རྫོང་གི་སྤུས་ལེགས་ནས་འདེབས་ཁུལ་དམར་ཤང་དང་བདེ་ཆེན་ཤང་གི་ཞིང་དུད་300ལྷག་ཙམ་དང་ནས་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་མ་ཟད། ཁྲོམ་རའི་རིན་གོང་ལས་བརྒྱ་ཆ་10ཡིས་མཐོ་བའི་ཐོག་ནས། ནས་རྒྱ་མ་ཁྲི་ཚོ་10ལྷག་ཙམ་ཉོ་སྒྲུབ་བྱས་པ་རེད། སྔོན་དཔག་བྱས་ན་དུས་སང་ཞིང་པའི་ས་ནས་ནས་ཉོ་སྒྲུབ་བྱེད་ཚད་རྒྱ་མ་ཁྲི་ཚོ་30ལས་བརྒལ་བཟོ་ཡོད་པ་དང་དུས་མཚུངས་ཉོ་སྒྲུབ་བྱེད་སའི་ཞིང་དུད་མང་དུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་དགོངས་དོན་ལ་གཞིགས་ནས། སྔོ་ལྗང་ནས་ཞིང་ཞེས་པའི་མུ་འབྲེལ་ཐོན་རྫས་གསར་སྤེལ་བྱེད་རྒྱུར་གཞོགས་འདེགས་བྱ་ཆེད། ད་ལོ་སྟོད་ལུང་བདེ་ཆེན་རྫོང་གིས་རིན་གོང་ཁེ་བའི་ནས་ཀྱི་ཐོན་ཁུངས་དེ་ལྗང་མདོག་ཁམས་བདེའི་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སུ་འགྱུར་ཐུབ་པ་བྱས་ཏེ། ནས་འདེབས་ལས་དང་དེང་རབས་བཟའ་བཅའི་བཟོ་ལས་ཟུང་འབྲེལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བོད་ཀྱི་ནས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། ནས་ཀྱི་གོང་ཚད་མཐོ་རུ་བཏང་སྟེ་ཞིང་པའི་དངུལ་སྨར་ཡོང་འབབ་འཕར་སྣོན་ཡོང་བ་དང་ཞིང་པར་ནས་བཏབ་པ་ལས་ཁེ་བཟང་དེ་བས་ཆེ་བ་ཐོབ་པ་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
བོད་ལྗོངས་མངལ་རིས་ས་ཁུལ་ཏུ་ལོ་ངོ་ཁྲི400ལྷག་འགོར་བའི་གཅན་གཟན་ཁྱི་མ་ཞིམ་གྱི་འགྱུར་རྡོ་རྙེད།
རྒྱལ་ཡོངས་གངས་ཅན་རྟགས་མའི་བོད་ཀྱི་རྩོམ་རིག་བྱ་དགའ་སྐབས་གསུམ་པའི་གཟེངས་བསྟོད་ཚོགས་ཆེན་གནའ་མཁར་ཟི་ལིང་དུ་བསྡུས།
ས་ལེ་གྲོང་ཚོའི་རང་ལོ་བདུན་ཅུ་ལྷག་ཙམ་གྱི་རྒན་རྒོན་འགའ་ཞིག་གིས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པ།
སྐབས་གཉིས་པའི་སྙེ་མོའི་ཁྱད་འཕགས་ལག་ཤེས་གསུམ་གྱི་འགྲན་སྡུར་འགོ་ཚུགས་པ།
བོད་ཁུལ་གསར་འགྱུར།
- མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.5འགྲེམ་གཏོང་བྱས་པས་མཁར་གྲོང་གི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི6.3ལ་ཕན་བདེ་སྐྲུན།
- “གཙང་གསུམ་འབྱུང་ཡུལ་རྟགས་མ”འི་པར་ལེན་རྒྱུ་རྩལ་བཤམས་སྟོན་གྱི་དཔྱད་འབྲས་གསལ་བསྒྲགས་བྱས་པ་དང་བརྩམས་ཆོས145ལ་བྱ་དགའ་ཐོབ།
- ལྷོ་ཁ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་གཞི་མཐོ་རུ་བཏང་བ།
- བོད་ལྗོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་དང་འབྲེལ་བའི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཕྱོགས་སྡོམ་གཟེངས་བསྟོད་དང་2016ལོའི་གྱོད་དོན་ཐོ་འགོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
- གཞིས་རྩེ་གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།
- ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་གསར་འགྱུར་ཀུན་སྤྱོད་ཨུ་ཡོན་ལྷན་ཁང་བཙུགས་པ།
- མཚོ་སྔོན་ཞིང་ཆེན་གྱིས་གནས་སྐབས་རྒུད་སྐྱོབ་གྲོན་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བྱིན་ནས་ཞང་དང་གྲོང་རྡལ་གྱི་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཁྲི་དྲུག་དང་སྟོང་གསུམ་བརྒྱད་བརྒྱར་རོགས་སྐྱོར་བྱས།
- མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ཆད་མེད་པར་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད།
- མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ནས་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་རྒྱུ་རེད།