ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་སྲིད་ཇུས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ་ད་ལྟ་ལག་བསྟར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གྲངས་འབོར་མང་བའི་ཁ་གསབ་ཀྱི་སྨན་བཅོས་འགན་བཅོལ་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་དུ་བཅོས་སྒྲིག་བྱས་ནས་2015ལོར་སྤྱིའི་འགན་བཅོལ་དངུལ་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དེ་མི་ཁྲི་27ལྷག་ཙམ་ལ་ཁྱབ་ཡོད་པ་དང་། མ་དངུལ་གྲབས་གསོག་གི་ཚད་གཞི་མི་རེར་སྒོར་37ཡིན་པས་ནད་ཆེན་ཕོག་མཁན་གྱི་ནད་པའི་སྨན་བཅོས་ཁུར་པོ་རིམ་གྱིས་ཡང་དུ་བཏང་ཡོད།

བོད་ཀྱི་འགན་བཅོལ་ལས་རིགས་འགོ་འཛུགས་ཕྱི་བ་དང་། གཞི་ཁྱོན་ཆུང་བ། སྤྱི་ཚོགས་ཀྱི་ཉེན་ཁའི་འདུ་ཤེས་ཞན་པས། ཐོག་མར་འཕེལ་རྒྱས་འགྲོ་བའི་འགོ་ཚུགས་དུས་མཚམས་སུ་གནས་ཡོད། འདི་ལོའི་ཟླ་བ་བཞི་པར་བོད་ཀྱིས་འགན་བཅོལ་ཆེད་དོན་སྲིད་ཇུས་ཐོག་མར་བཏོན་ནས་གཙོ་གནད་ཁྱབ་ཁོངས་བཞི་ནས་འགན་བཅོལ་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་སྣེ་ཁྲིད་བྱས་ཡོད། སྲིད་ཇུས་དེས“ཞིང་གསུམ”གྱི་འགན་བཅོལ་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་འགན་བཅོལ་གྱི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས་པ་གསལ་པོར་བཏོན་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།