ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གཙོ་གཉེར་དང་བོད་ལྗོངས་ཀྲུང་ཁོ་ཉི་འོད་ནུས་རྒྱུ་གསར་པའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་གཞོགས་འདེགས་བྱས་པའི“མཐོ་གྲང་དང་ས་མཐོའི་གྲོང་རྡལ་དུ་ཉི་ནུས་དྲོད་འདོན་ལག་རྩལ་ཞིབ་གྲོས་ཚོགས་འདུ”དེ་ལྷ་སར་འཚོགས་པ་རེད།

ཞིབ་གྲོས་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཚན་རིག་ཞིབ་འཇུག་ཡོན་གྱི་ཞིབ་འཇུག་པ་ཀྲེན་རུའེ་ཁྲེན་གདན་དྲངས་ནས་ས་བབ་མཐོ་བའི་གྲོང་རྡལ་དུ་ཉི་ནུས་དྲོད་འདོན་ལག་རྩལ་བེད་སྤྱོད་ཀྱི་ད་ཆའི་གནས་ཚུལ་དང་དགོས་མཁོའི་སྐོར་ངོ་སྤྲོད་དང་། རྒྱལ་ཁབ་ཕྱི་ནང་གི་བེད་སྤྱོད་ཁོར་ཡུག་དང་ཟུང་འབྲེལ་བྱས་ནས་དྲོད་ལེན་ལག་རྩལ་གྱི་འཕེལ་ཕྱོགས་རྒྱས་བཤད། བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་དྲོད་འདོན་ལས་དོན་གྱི་དཔེ་མཚོན་དབྱེ་ཞིབ། གནས་པའི་གནད་དོན་དང་དེ་བཞིན་རྒྱུ་མཚན་ཕྱོགས་སྡོམ་བཅས་བྱས་པ་རེད། ཀྲུང་གོ་བཟོ་སྐྲུན་ཚན་རིག་ཞིབ་འཇུག་ཡོན་གྱི་ཧོ་ཐའོ་ཡིས་སྣ་དཀར་རྩེ་རྫོང་གི་ཉི་ནུས་དྲོད་ལེན་ལག་རྩལ་གྱི་ཞིབ་ཕྲའི་ཇུས་འགོད་ཇུས་གཞི་དང་། ཞིབ་ཕྲའི་སྡོད་ཁང་གི་གཞི་གྲངས་དབྱེ་ཞིབ་དང་ཇུས་གཞིའི་གཙོ་གནད་སོགས་ངོ་སྤྲོད་བྱས་པ་རེད།

ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་དུས་མཚམས་དང་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ་དུས་ཚོད་དམ་འཛིན་གྱིས་ལག་རྩལ་འཐུས་ཚང་དང་ཞིབ་ཕྲ་རུ་གཏོང་བ་དང་ཞིབ་འཇུག་སྙན་ཞུ་སྔར་བས་འཐུས་ཚང་དུ་བཏང་ནས། དངོས་གཞིའི་གྲུབ་འབྲས་གཏོད་པ་དང་། ཉི་ནུས་བེད་སྤྱོད་ལས་དོན་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་བདེ་བ་བསྐྲུན་དགོས་ཞེས་བཤད་པ་རེད།

-- --

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།