བོད་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་རིགས་གསར་པར་དོགས་ཟོན་བྱེད་དགོས་པའི་སྐོར་དྲིལ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་1ཚེས་18ནས་ཚེས་22ཉིན་བར་ནི་རྒྱལ་ཡོངས་ཀྱི“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་རིགས་གསར་པར་དོགས་ཟོན་བྱེད་དགོས་པའི་སྐོར་གྱི་དྲིལ་བསྒྲགས་གཟའ་འཁོར”ཡིན་ཞིང་། མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་ནས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་རིགས་གསར་པར་བཀག་འགོག་ནུས་ལྡན་བྱ་ཆེད། ཚེས་20ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱིས“གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་རིགས་གསར་པར་དོགས་ཟོན་བྱེད་དགོས་པའི་སྐོར་གྱི་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཧོ་དབུན་ཧའོ་ཡི་དྲིལ་བསྒྲགས་བྱ་ཡུལ་ཁག་ཏུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཁོང་གིས་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་མ་ཟད། ད་དུང་གཉེར་སྐྱོང་ཚན་པ་ཆེ་གྲས་གསུམ་ལ་འཕྲིན་ཐུང་བསྐུར་ནས་གྲོང་མིར་དྲན་སྐུལ་བྱེད་པ་དང་། དངུལ་ཁང་ལ་མཐའ་མའི་འགོག་སྲུང་འཛིང་རགས་སྲུང་བ། སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་ཚན་པར་རྒྱུན་ལྡན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་སྔོན་འགོག་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་གློག་འཕྲིན་གྱི་དྲ་རྒྱའི་མགོ་སྐོར་གཡོ་ལེན་འོག་ཚུད་རྒྱུར་དོགས་ཟོན་དང་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་གྲོང་མིའི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།