སྟེང་ཆེན་རྫོང་སྤ་ཟླ་ཤང་དུ་བཅའ་སྡོད་ལས་དོན་རུ་ཁག་གིས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ལ་བརྟེན་ནས་གྲོང་གསེབ་བཅོས་སྒྲིག་བྱེད་ཟབ་ཏུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོར་་སྟེང་ཆེན་རྫོང་སྤ་ཟླ་ཤང་དུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“ལས་འགན་ཁག་ལྔ”ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། སྟོབས་ཤུགས་གཅིག་འགྲིལ་དང་འབད་འབུངས་ཡར་བརྩོན། “གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་རྒྱུན་མཐུད་གཏིང་ཟབ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་བཅོས་སྒྲིག་དང་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

རྩ་འཛུགས་སྟོབས་ཆེར་བཏང་ནས་གཞི་རིམ་སྲིད་འཛིན་གྱི་གཞི་རྩ་བརྟན་དུ་བཏང་བ། “སྐྱེད་སྲིང་གསུམ”གྱི་འདུ་འགོད་ཟབ་ཏུ་དང་རྒྱ་ཆེར་བཏང་བ་བརྒྱུད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“གཉིས་ལྡན་དུད་སྦྲེལ”སྤྱི་མིའི་ཏང་ཡོན་ལས་བྱེད་པའི་ཁྲོད“བརྩེ་སེམས་གསུམ”(མང་ཚོགས་ལ་བརྩེ་སེམས་འཆང་བ་དང་། བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ། ལས་ཀར་སྤྲོ་སེམས་འཆང་བ)སྐྱེད་སྲིང་བྱེད་པ་དང་། “གཉིས་ལྡན་དུད་སྦྲེལ”སྤྱི་མིའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “གཉིས་ལྡན་དུད་སྦྲེལ”སྤྱི་མིའི་སྒྲིག་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཞི་རིམ་རྩ་འཛུགས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁ་གསལ་ཅན་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཞི་མཐུན་བརྟན་ལྷིང་སྤྱི་ཚོགས་བཏོད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “གཉིས་ལྡན་དུད་སྦྲེལ”སྤྱི་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱི་ཕྱོགས་ཀྱི་ཕྱོགས་མི་ཐོ་འགོད་དང་། གྲལ་བཤེར། དོ་དམ་ཚོད་འཛིན་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མཐིལ་གསལ་པོ་རྟོགས་པ་དང་གནས་ཚུལ་ཁ་གསལ་ཤེས་པ་ཏན་ཏིག་བྱས་ཡོད། འགལ་བ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ལུགས་མཐུན་བདེ་སྡུག་ཞུ་རིགས་ཐག་གཅོད་འོས་འཚམ་བྱས་ཏེ་འགལ་བ་ཐོན་མ་ཐག་ནས་ཐག་གཅོད་ཧུར་ཐག་བྱས་ཡོད།

འཕེལ་རྒྱས་དོན་གཉེར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཆར་འགོད་བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང“གཉིས་ལྡན་དུད་སྦྲེལ”སྤྱི་མི་དང་དེ་བཞིན་མང་ཚོགས་འཐུས་མི་དང་གྲོས་མོལ་བྱས་ཏེ་བློ་འདུས་དགེ་འཚོལ་གྱིས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཆར་འགོད་དང་གཏན་འཁེལ་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང“གཉིས་ལྡན་དུད་སྦྲེལ”མང་ཚོགས་སྒྲིག་འཛུགས་བྱས་ཏེ་ངལ་ནུས་མི་ཐེངས་300ལྷག་ཙམ་ཞུགས་པར་དངུལ་སྨར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་མང་དུ་ཕྱིན་ཡོད།

སློབ་གསོར་སྣང་ཆེན་བྱས་ནས་གཞོན་ནུའི“གཉིས་ལྡན་དུད་སྦྲེལ”སྤྱི་མིའི་བསམ་བློའི་དམར་ཐིག་བརྟན་དུ་བཏང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རིམ་ཁག་འགོ་ཁྲིད་ཀྱི་གསུང་བཤད་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་ཏང་གི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས“གཉིས་ལྡན་དུད་སྦྲེལ”ཚོས“ཕན་པ་གང་ནས་བྱུང་བ་དང་། ཕན་པ་སུ་ལ་འདོགས་པ། སུའི་དྲིན་ལན་འཇལ་བ”དངོས་འབྲེལ་ཤེས་པ་བྱས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི“གཉིས་ལྡན་དུད་སྦྲེལ”གྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཅས་བཏང་ཡོད། “གཉིས་ལྡན་དུད་སྦྲེལ”མང་ཚོགས་ཚོས་ཁྲིམས་ཤེས་པ་དང་ཁྲིམས་སྲུང་ཐུབ་རྒྱུའི་ཁྲིད་སྟོན་བྱས་ནས་ཤེས་དཔལ་ཡར་ཐོན་ལ་དོན་གཉེར་ཧུར་ཐག་བྱས་ཡོད།

དམངས་འཚོ་འགན་ལེན་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་བསལ་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ལ་བྱ་བ་དངོས་སྒྲུབ་པའི་འགྲོ་གྲོན་བེད་སྤྱོད་གང་ལེགས་བྱེད་པ་དང་། དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བྱེད་པ། འགན་ལེན་ལྔའི་དུད་ཚང་དང་། དབུལ་པོའི་དུད་ཚང་། དབང་པོ་སྐྱོན་ཅན། ཏང་ཡོན་རྒན་གྲས་བཅས་མི་ཐེངས་60ལྷག་ཙམ་ལ་སྔ་རྗེས་སུ་འཚམས་འདྲི་བྱས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་11.53སྤྲད་ཅིང་། དབྱར་དུས་འབྲོག་ར་དང་དེ་བཞིན་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ས་ཚིགས་ལ་བསྐྱོད་པའི་སྤྱི་ལེ་40ལྷག་ཙམ་གྱི་སྟབས་བདེའི་གཞུང་ལམ་ཉམས་བཟོ་དང་སྟབས་དེའི་ཟམ་པ་3བསྐྲུན་ཡོད། རྫོང་ཞིང་འབྲོག་ཅུས་དང་མཐུན་སྦྱོར་གྱིས་སྒོར་ཁྲི་11རི་བའི་རིན་མེད་རྫས་ལུད་ཏུན་15དང་གཞུང་བཅད་རིན་གོང་རྫས་ལུད་ཏུན་40བརྩོན་ལེན་བྱས་ཡོད། དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་3ཐག་གཅོད་བྱེད་རོགས་བྱས་ནས་མང་ཚོགས་ཚོར་བྱ་བ་དངོས་དང་བྱ་བ་བཟང་པོ་30ལྷག་ཙམ་བསྒྲུབས་པར་མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།