ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བྱས་ཏེ“ཚོད་ལྟ་སྔོན་ལ་བྱེད་པ་དང་། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ། རིམ་བཞིན་ཁྱབ་པ་བཅས”ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང“འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས”ཀྱི་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱས་ཐོག གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་ཁྱོན་ཡོངས་ནས་འགོ་ཚུགས་ནས་མིག་སྔར་དཔེ་སྟོན་ས་ཚིགས་42བསྐྲུན་ཟིན་པ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་རེད།

འགོ་ཁྲིད་ཀྱིས་སྤྱི་འདོམས་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ“འགན་འཁྲི་ཅན”གྱི་ཐོག་ནས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཚད་བརྒལ་ས་གལ་ཆེན་དུ་བྱས་ཐོག དེ་ས་ཁུལ་གྱི“དམངས་སེམས་འདུ་འགོད་ཆེ་ཁག་བཅུའི”ནང་བཅུག་པ་དང་། སྔ་རྗེས་སུ《ལྷོ་ཁ་ས་ཁུལ་གྱི་གྲོང་ཚོའི(གྲོང་ལྷན)བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྲུན་ལག་བསྟར་བསམ་འཆར》དང《ལྷོ་ཁ་ས་ཁུལ་གྱི་གཞི་རིམ་སྲིད་དབང་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལག་བསྟར་བསམ་འཆར》བཟོས་ཤིང་། ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་འཕེལ་སྒྱུར་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། བདེ་སྡོད་སོགས་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད། “ནོར་སྲིད་ཀྱིས་མ་འཇོག་བྱེད་པ་དང་། བོད་སྐྱོར་གྱིས་རྒྱབ་སྐྱོར་བྱེད་པ། སྡེ་ཚན་གྱིས་རོགས་རམ་བྱེད་པ”སོགས་ཐབས་ལམ་སྣ་ཚོགས་ལ་གཞིགས་ཏེ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་གཞི་མཐོ་རུ་བཏང་ཞིང་། མིག་སྔའི་བར་ས་ཁུལ་ཡོངས་སུ་རིམ་དབྱེ་དང་རིགས་དབྱེའི་ཐོག་ནས་མ་འཇོག་སྒོར་དུང་ཕྱུར་1.57བྱས་པའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དེ་བསྐྲུན་ཟིན་རྗེས་ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་འཕེལ་རྒྱས་འགྲོ་བའི“འགོ་ཁྲིད་ལྟེ་བར”གྱུར་ཏེ་ཏང་དང་། གུང་གཞོན་སྡེ་ཚོགས། ཞིང་འབྲོག་མང་ཚོགས་བཅས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡག་པོ་ཞིག་ཏུ་འགྱུར་རྒྱུ་རེད།

སྤུས་ཚད་དང་གྲངས་ཚད་འགན་ལེན་གྱིས་འཛུགས་སྐྲུན་ཐད་དམ་འཛིན་བྱས་ཏེ“ཚད་ལྡན་ཅན”གྱི་ཐོག་ནས་བྱེད་སྒོ་སྤེལ་ཡུལ་གྱི་ཚད་གཞི་མཐོ་རུ་བཏང་ཞིང་། གཞུང་དོན་སྒྲུབ་པ་དང་གྲོས་དོན་གླེང་བའི་ཁྲོད་དང་། ཏང་ཡོན་བྱེད་སྒོའི་ཁྲོད། སློབ་གསོ་གསོ་སྦྱོང་ཁྲོད། དམངས་ཕན་ཞབས་ཞུའི་ཁྲོད། རིག་གནས་དང་། ལུས་རྩལ། རོལ་རྩེད་བཅས་ཁྲོད་ཀྱི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་འདོན་སྤེལ་བྱ་ཆེད། ལྷོ་ཁ་ས་ཁུལ་གྱིས་ཆེད་མི་སྒྲིག་འཛུགས་བྱས་ཏེ་མཐིལ་རྟོགས་ལེགས་འདེམས་བྱས་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ས་ཚིགས་དེ་གྲོང་ཚོའི་ལྟེ་གནས་དང་། སློབ་གྲྭའི་ཉེ་འགྲམ། གཞུང་ལམ་གཙོ་བོའམ་ཡང་ན་འགྲིམ་འགྲུལ་ལྟེ་གནས་བཅས་སུ་བསྐྲུན་ཐོག་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་ཆེ་རུ་བཏང་ཞིང་། སྤྱི་ཡོངས་ཀྱི་བཀོད་པའི་ཐད་དུ་གཞུང་དོན་ཁུལ་དང་། ཞབས་ཞུ་ཁུལ། སྡོད་གནས་ཁུལ་བཅས་བལྟོས་བཅས་ཀྱིས་དབྱེ་བ་དང་། བཟོ་སྐྲུན་ཉམས་འགྱུར་ཐད་བོད་ལུགས་ཉམས་འགྱུར་གཙོ་བོར་བྱས་པ། ནུས་པ་ཇུས་འགོད་ཐད་དྲོད་སྲུང་གྱང་དང་ཉི་འོད་ཁང་བསྣན་པ། ཆབ་སྲིད་ཀྱི་ངོ་བོ་མཚོན་པའི་ཐད་གཅིག་གྱུར་མཚོན་རྟགས་བཟོས་པ་བཅས་བྱས་ཤིང་། འབྲེལ་ཡོད་སྡེ་ཚན་གདན་ཞུ་བྱས་ཏེ་ཨར་རྒྱག་ལེགས་གྲུབ་ཟིན་པའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཁག་ལ་གཅིག་སྡུད་ཐོག་ཞིབ་བཤེར་རྩིས་ལེན་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་པ་རེད།

ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་དོ་དམ་ཐད་དམ་འཛིན་བྱས་ནས“ཚད་ལྡན་ཅན”གྱི་ཐོག་ནས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་གྱི་ནུས་པའི་ཚན་པ་ཁག་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་དང་། ནུས་པའི་ཁང་སྣ་ཚོགས་བཀོད་སྒྲིག་བྱས་ནས་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་འཐུས་ཚང་དུ་བཏང་ཡོད། 《ལྷོ་ཁ་ས་ཁུལ་གྱི་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི“གཅིག་རེ་བཅུའི”གཏན་འབེབས》ལག་ལེན་ནན་ཏན་བསྟར་ཏེ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་བཟོས་པ་དང་ཀྲི་པུའི་ལས་འགན་ཁུར་ཡུན་གྱི་འཕེལ་རྒྱས་འཆར་འགོད་དང་ལོ་འཁོར་མོའི་ཏང་ཡོན་འཕེལ་རྒྱས་འཆར་གཞི་བཟོས་ཐོག་པར་གཞི་གཅིག་གྱུར་དང་། ནང་དོན་ཚད་ལྡན། ཡོངས་བསྒྲགས་བཅས་བྱས་ཡོད། “ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་ལྟ་སྐུལ་དོ་དམ་བྱེད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་ཐད་ཀར་དོ་དམ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དོ་དམ་བྱེད་རོགས་བྱེད་པ་བཅས”ཀྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ཡིག་ཚགས་དང་རྩིས་ཁྲ་བཟོས་པ་དང་། ཆེད་མི་གཏན་འཁེལ་གྱིས་དོ་དམ་བྱེད་དུ་བཅུག་པ། དུས་ངེས་མེད་ངང་གྲོང་ཚོ་རིམ་པའི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་བྱས་ནས། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྟེགས་བུ་ཆེན་པོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་མཁར་རྫོང་བརྟན་པོར་ཧུར་ཐག་བསྐྲུན་པ་རེད།

གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ལས་དོན་ཐད་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དེ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མི་སེམས་གཅིག་ཏུ་བསྒྲིལ་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ཚོའི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་འཕེལ་བ་དང་ཡིད་ཆེས་ཆེ་རུ་ཕྱིན་པ་རེད།

-- --

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།