ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2016ལོའི་གྱོད་དོན་ཐོ་འགོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། རང་ལྗོངས་ཀྱི་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་གྱོད་གཞི་ཐོ་འགོད་ལམ་ལུགས་སྒྱུར་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ནས། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་བཟོ་རྒྱུར་ཤུགས་སྣོན་རྒྱག་པ། ནུས་པ་ཆ་ཚང་བའི་ཞུ་གཏུག་ཞབས་ཞུའི་ལྟེ་གནས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཞུ་གཏུག་དབང་ཆ་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་། དཔུང་ཁག་འཛུགས་སྐྱོང་། ལག་རྩལ་འགན་ལེན། ལྟ་སྐུལ་དོ་དམ། དྲིལ་བསྒྲགས་ཁྱབ་གདལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

 

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།