མིག་དཔེ་ནི་གོ་སྐོན་བློ་འགུག་ཡག་ཤོས་དང་དཔེ་སྟོན་ནི་ཁྲིད་སྟོན་ཡག་ཤོས་རེད།

“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉེ་དུས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས“ནན་གསུམ་དྲང་གསུམ”གྱི་སྣེ་ཁྲིད་དེ་ལག་ལེན་བསྟར་བའི་བླང་བྱར་དམིགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་དོན་དངོས་དང་འབྲེལ་བ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་། བྱ་ཐབས་ཞིབ་འཇུག བླང་བྱ་བཏོན་པ་བཅས་ཀྱི་ཐོག་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་སྙིང་སྟོབས་གང་ལེགས་མངོན་པ་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གང་ལེགས་མཚོན་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ནང་ཞུགས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས་ཏང་ཡོངས་ཀྱིས་གོང་འོག་ཏུ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དང་། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ཆེད་དུ་ཚད་གཞི་དང་དཔེ་སྟོན་ཆགས་པར་བྱས་པ་ཞིག་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་ལས་དོན་སྒྲུབ་པའི་སྔོན་འགྲོའི་བྱ་སྤྱོད་དུ་བརྩི་བའི་ཐོག བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ལས་དོན་ཏན་ཏིག་ངང་བསྒྲུབས་པས་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། དེའི་ནང་གི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་གི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དེ་ཡིན། “གཏན་འབེབས་དོན་ཚན་བརྒྱད”བཏོན་ནས“སྤྱོད་ཚུལ་བཞི”ལ་བཅོས་སྒྲིག་ནན་པོ་བྱེད་པ་ནས་སླར་ཡང“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བའི་བར་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་ངོས་ནས་དམ་འཛིན་དང་རང་དཔེ་གཞན་སྟོན་མཐའ་འཁྱོངས་བྱས་སྟབས་གཞི་ནས་བྱ་ཐབས་གང་རུང་ལ་བརྟེན་ནས་དཔེ་སྟོན་བཏོད་དེ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་ཐུབ་པ་དང་འབྲེལ་ཏང་ཡོངས་དང་རྒྱལ་ཡོངས་སུ་དཔེ་སྟོན་གྱི་ནུས་པ་ཆེན་པོ་ཐོན་པ་དང་། ཏང་སྲོལ་སྲིད་སྲོལ་འགྱུར་རྒྱུར་སྐུལ་མ་ཐེབས་པ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་མ་ཐེབས་པ་བཅས་ཏང་སྲིད་དམག་དམངས་མཐུན་སྦྱོར་གཅིག་གྱུར་དང་གོང་འོག་བློ་གཅིག་སེམས་གཅིག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ཀྲུང་དབྱང་གིས་རང་དཔེ་གཞན་སྟོན་བྱེད་པ་ནི་ཏང་ཡོངས་ཀྱིས་དང་ལེན་ཧུར་ཐག་བྱ་རྒྱུར་སྐུལ་མ་གཏོང་ཆེད་རེད། ཀྲུང་དབྱང་གིས་སྣེ་ཁྲིད་དཔེ་སྟོན་བྱེད་པ་ནི་ཏང་ཡོངས་སུ་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱ་རྒྱུར་སྐུལ་མ་གཏོང་ཆེད་རེད། ཀྲུང་དབྱང་གིས་ཚད་གཞི་བཏོན་རྗེས་རིམ་ཁག་འགོ་ཁྲིད་ལས་བྱེད་པར་མིག་ལྟོས་ཀྱི་འདུ་ཤེས་ཆེན་པོ་དགོས་པ་མ་ཟད། རང་འགུལ་ངང་ཀྲུང་དབྱང་ལ་བལྟས་ནས་རིམ་པ་བཞིན་ཚད་གཞི་བཟོ་བ་དང་དཔེ་སྟོན་བཏོད་དེ་ཁྲིད་སྟོན་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།ཀྲུང་དབྱང་ལ་ལྟ་བར་ཆབ་སྲིད་ཀྱི་དོན་རྟོགས་མཁན་ཞིག་བྱས་ནས་རང་འགུལ་ངང“ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པའི་ཐད་མཚོན་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མཚོན་པ་བྱེད་དགོས། “ནན་གསུམ་དྲང་གསུམ”གྱི་མིག་དཔེ་ཡག་པོ་སྟོན་པར་དང་ཐོག་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཕུགས་བསམ་གྱི་དད་སེམས་བརྟན་པོ་འཛུགས་པ། དམངས་ལ་བློ་གཅིག་སེམས་གཅིག་བྱེད་པའི་སྤྱི་ཞབས་པའི་བརྩེ་སེམས་ནམ་ཡང་གནས་པར་བྱེད་པ། སྤྱི་ཡོངས་ལ་སྟངས་འཛིན་དང་ཚོད་འཛིན་བྱེད་པའི་འགོ་ཁྲིད་ཀྱི་ཐབས་རྩལ་ཆེ་རུ་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་འཁྱོངས་ཐུབ་པ་བཅས་བྱེད་དགོས། རྒྱུན་དུ་རང་འགུལ་ངང་ཏང་ཀྲུང་དབྱང་ལ་ལྟ་བ་དང་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལ་བལྟས་ནས་ཉམས་སད་ཐེག་ཐུབ་པའི་བསམ་བློའི་ངེས་ཤུགས་དང་། འཐབ་ཇུས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས་བཅས་ལྡན་པར་བྱས་ཏེ་ཆབ་སྲིད་ཐད་རང་གིས་རང་ལ་ཡིད་ཆེས་བརྟན་པོ་དང་། བསམ་བློའི་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་ཚད་མཐོའི་རང་རྟོགས་བཅས་བྱེད་ཐུབ་པ་བྱུང་ཚེ་གཞི་ནས་མིག་དཔེའི་སྟོབས་ཤུགས་ཀྱིས་ལས་བྱེད་པ་དང་མང་ཚོགས་འབོད་སྐུལ་བྱེད་ཐུབ།

ཀྲུང་དབྱང་ལ་ལྟ་བར་དོན་འཁྱོལ་གྱི་སྣེ་ཁྲིད་པ་བྱས་ནས་རང་རྟོགས་ངང“ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་ལས་བགོས་དོ་དམ་གྱི་ལས་ཀའི་དོ་དམ་ཐད་མངོན་པ་དང་རང་ངོས་ལ་བླང་བྱ་ནན་པོ་འདོན་པའི་ཐད་མངོན་པར་བྱེད་དགོས། སྣེ་ཁྲིད་དེ“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུ་ནི་བྱེ་བྲག་ཡིན་པ་ལས་དོན་སྤྱི་མིན་པ་དང་དོན་དངོས་ལས་ཁ་བཤད་ཙམ་མིན་པར་ངེས་པར་དུ་རྒྱུན་གཏན་ལས་ཀའི་ཁྲོད་ཀྱི་དོ་དམ་ཁྲོད་མངོན་པ་དང་རང་ངོས་དང་ཉེ་འགྲམ་གྱི་ལས་དོན་པའི་ལྟ་སྐུལ་ནན་པོའི་ཁྲོད་མངོན་པར་བྱེད་དགོས། དམག་དཀྱུས་ཀྱི་གདོང་དུ་དམག་འཐབ་བྱེད་པའི་བློ་སྟོབས་དགོས་པ་དང“ང་ལ་ལྟོས་ཤིག”གི་གཏིང་ཤུགས་ལྡན་པར་བྱས་ཚེ་གཞི་ནས་གོང་གིས་འོག་ལ་སྣེ་ཁྲིད་པའི་སྲོལ་བཟང་ཡོད་པར་གྱུར་ཏེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་ལས་ཀའི་ཕྱོགས་ཁག་ཚང་མར་ཁྱབ་ནས་ཏང་ཡོན་ལས་བྱེད་པ་སྔར་བས་མང་བ་མདུན་གྲལ་དུ་བསྐྱོད་པ་དང་བྱ་བ་དངོས་བསྒྲུབ་རྒྱུར་སྣེ་ཁྲིད་བྱེད་ཐུབ།

འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་རླབས་ཆེན་རྒྱལ་ཁ་ཐོབ་པ་བྱེད་པར་ཏང་གི་འགོ་ཁྲིད་སྔར་བས་ནུས་ལྡན་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དཔེ་སྟོན་བྱེད་པར་ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་ལྟ་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། སྣེ་ཁྲིད་དེ“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ། སྣེ་ཁྲིད་དེ་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཚེ་རང་རེའི་ཏང་འདི་ཉིད་སྔར་བས་མཐུན་སྒྲིལ་གཅིག་གྱུར་ཡོང་བ་དང་མི་དམངས་དུང་ཕྱུར་ཁྲི་ཡི་སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་འགྲིལ་ཐུབ་ངེས་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།