ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་29ཉིན་གྱི་སྔ་དྲོ་ནེ་པ་ལའི་ཙུང་ལི་གཞོན་པ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་གཱ་མའེ་ལེ·ཐཱ་ཕཱས་པེ་ཅིང་དུ་འཚམས་འདྲི་གནང་ཚར་རྗེས་རང་ལྗོངས་སུ་ཕེབས་པར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་གནམ་ཐང་དུ་ཕེབས་བསུར་བཅར་བ་མ་ཟད། ད་དུང་མཇལ་འཛོམས་ཡུན་ཐུང་ཞིག་ཀྱང་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་ཐོག་མར་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ནས་ཙུང་ལི་གཞོན་པ་ཐཱ་ཕཱ་དང་བཅས་པས་པེ་ཅིང་དུ་འཚམས་འདྲི་གནང་ཚར་རྗེས་རང་ལྗོངས་སུ་ཕེབས་པར་དགའ་བསུ་ཞུས་པ་རེད། སྤེན་པ་བཀྲ་ཤིས་ཀྱིས་ཀྲུང་ནེ་དབར་གྱི་དུས་ཡུན་རིང་པོའི་མཛའ་གྲོགས་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བོད་དུ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ངོ་སྤྲོད་ཀྱང་གནང་བ་རེད། ཁོང་གིས་ཀྲུང་ནེ་དབར་འབྲེལ་བ་བཙུགས་ནས་ལོ་60སོང་རིང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སོང་ནས་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་དང་མདུན་ལམ་ཆེན་པོ་མངོན་ཡོད། མིག་སྔར་བོད་འདི་ཉིད་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་པ་དང་། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་ཡོད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོད་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་པོ་ཡོད་པ། མི་དམངས་རྣམས་བདེ་སྡོད་ལས་བརྩོན་ཐུབ་པ་སོགས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་བརྟན་ལྷིང་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་འཚོང་དང་། རིག་གནས།ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་འབྲེལ་འདྲིས་དམ་ཟབ་བྱས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཐཱ་ཕཱས་ཀྲུང་གོ་སྲིད་གཞུང་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོར་ནེ་པ་ལར་རོགས་སྐྱོར་ཤུགས་ཆེན་གནང་བ་དང་། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ལོ་མང་རིང་དང་ལྷག་པར་དུ་འདི་ལོའི“4·25”ཡོམ་ཆེན་རྗེས་སུ་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནི་ནེ་ཀྲུང་མཉམ་ལས་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡིན་པས་སླད་ཕྱིན་ཡང་མུ་མཐུད་དུ་ནེ་པ་ལའི་འཕེལ་རྒྱས་ཐད་རོགས་སྐྱོར་གནང་ནས་ནེ་ཀྲུང་དབར་གྱི་མཛའ་བརྩེ་དང་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།