ཀྲུང་གོ་བོད་ཀྱི་དྲ་བའོ་འཕྲིན། ཉེ་ཆར། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ་སྒོར་དུང་ཕྱུར་221ཟིན་པའི་བོད་ལྗོངས་སྲིད་གཞུང་གི་མ་འཇོག་འཛུགས་སྐྲུན་རྣམ་གྲངས་ཀྱི་དངུལ་ཁང་ཚོགས་པའི་དངུལ་བུན་གྱི་སྤྱིའི་གན་རྒྱ་བཞག་ཅིང་། དེ་ནི་དུས་ད་ཆའི་བར་གྱི་བོད་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་བུན་མང་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། དེས་གཙོ་གནད་མ་འཇོག་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་འཛུགས་པ་དང་དུས་འགོའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཐུབ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་དབྱང་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྣེ་ཁྲིད་དངུལ་ཁང་ཞིག་ཡིན་པའི་གསར་སྤེལ་དངུལ་ཁང་གིས་དངུལ་ཁང་ཁག་དབར་དང་དངུལ་ཁང་ཚོགས་པ་སྒྲིག་འཛུགས་ཀྱིས་ལས་བགོས་མཉམ་ལས་དང་ལེགས་ཆ་གསབ་རེས་ཀྱི་ཐོག་ནས་བོད་ཀྱི་གཞུང་ལམ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད། ཆུ་བེད། ནུས་རྒྱུ་སོགས་རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་དུས་འགོའི་ལས་དོན་སྤེལ་རྒྱུར་དེ་མཚུངས་ཀྱི་མ་དངུལ་དང་ལས་ཚབ་མཇུག་རྩིས་སོགས་ཀྱི་ཞབས་འདེགས་ཞུས་ནས་རྣམ་གྲངས་བསྐྲུན་མགྱོགས་སུ་གཏོང་རྒྱུ་རེད།

འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་GDPདུས་མཚུངས་ལས་9.8%འཕར་ནས། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དེ་དངུལ་ཁང་གི་དངུལ་བུན་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་། ན་ནིང་ཁོ་ནར་བོད་ཀྱི་དངུལ་ཁང་གི་དངུལ་བུན་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།