འདི་ནི་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པས་བསྐྲུན་པའི་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་གྱི་ཞིང་འབྲོག་པའི་ཕྱོགས་བསྡུས་རིག་གནས་ལུས་རྩལ་གྱི་སྒྲིག་བཀོད་ཡིན་པ།

དུས་ཚོད་ནི་ཆུ་མོ་བཞིན་ཉིན་མཚན་མེད་པར་མདུན་དུ་རྒྱུག ཡུད་ཙམ་ཞིག་ལ་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པའི་ལས་བྱེད་པས་རྒྱ་ཚ་རྫོང་དུ་རོཌ་སྐྱོར་བྱས་ནས་ལོ་གཉིས་དང་ལོ་ཕྱེད་འདས།

ལོ་གཉིས་ལྷག་ཙམ་རིང་། བོད་སྐྱོར་གྱི་རུ་སྣེ་ཁྲིད་མཁན་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཞུས་ཧོན་གྱི་སྣེ་ཁྲིད་འོག བོད་སྐྱོར་ལས་བྱེད་པ་6གིས་མངགས་བཅོལ་སེམས་ལ་བཞག་པ་དང་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ་རྒྱ་ཚའི་འཕེལ་རྒྱས་དང་བརྟན་ལྷིང་ལས་འགན་རང་འཁྲིའི་ལས་འགན་དུ་བརྩིས་ནས་བསམ་པ་རྣམ་དག་གིས་རྒྱ་ཚའི་མི་དམངས་ལ་བྱ་བ་དངོས་བསྒྲུབས་པ་དང་། བདེ་སྐྱིད་དོན་གཉེར་བྱས་ཏེ་དབྱི་ཁྲང་དང་རྒྱ་ཚའི་དབར་ལ་སྤེལ་རེས་འབྲེལ་གཏུག་གི་ཟམ་པ་བསྐྲུན་ནས“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ལེའུ་གསར་པ་བརྩམས།

རྣམ་གྲངས་ལ་བརྟེན་ནས་བོད་སྐྱོར་གྱིས་རྒྱ་ཚའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྦྱིན་པ།

རྣམ་གྲངས་བོད་སྐྱོར་ནི་རྒྱ་ཚའི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་གཞི་རྟེན་གལ་ཆེན་ཞིག་རེད་ལ། དབྱི་ཁྲང་གི་གཟུགས་བརྙན་མངོན་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། ལོ་གཉིས་རིང་། བོད་སྐྱོར་ལས་བྱེད་པས་ས་མཐོར་གསོ་རླུང་དཀོན་པ་དང་སྐད་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གཞི་རིམ་དུ་ཐེངས་མང་བསྐྱོད་ནས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་ཁུལ་དུ་ཕྱོགས་པ་དང་། གཞི་རིམ་དུ་ཕྱོགས་པའི་རྩ་དོན་གཞིར་བཟུང་། ལས་དོན་རུ་ཁག་ཁག་གསུམ་པའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་3700ཚང་མ་གཞི་རིམ་གྱི་སྲིད་དབང་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་པའི་རིག་གནས། དབུལ་སྐྱོར་དཀའ་རོགས་སོགས་དམངས་འཚོའི་ཁྱབ་ཁོངས་ལ་སྤྱད་ནས་ལྷོ་ཁའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་ཞིང་། མིག་སྔའི་བར། དབྱི་ཁྲང་གྲོང་ཁྱེར་གྱི་ཁག་གསུམ་པའི་བོད་སྐྱོར་རྣམ་གྲངས་9ཡི་སྤྱིའི་འཛུགས་སྐྲུན་གྱི་95%ལེགས་གྲུབ་ཟིན་ཡོད་པ་རེད།

“བོད་སྐྱོར་རྣམ་གྲངས་འདེམས་པའི་བརྒྱུད་རིམ་ནང་། ང་ཚོས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་བརྩི་འཇོག་གང་ལེགས་བྱས་པ་དང་གཏན་འཁེལ་བྱས་པའི་རྣམ་གྲངས་ཚང་མ་ས་གནས་དེ་གའི་མང་ཚོགས་ལ་དགོས་མཁོ་ཡོད་པ་ཤ་སྟག་ཡིན”ཞེས་རྒྱ་ཚ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཏིང་ཞུས་ཧོན་གྱིས་གསར་འགོད་པར་དེ་ལྟར་བརྗོད།

ཐག་རིང་ལུང་ཁུག་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་སེམས་ནང་དྲོ་སྐྱིད་ཚོར་བ་བྱས་པ། གློན་སྨད་གྲོང་ཚོའི་གྲོང་མི་རྣམས་ལ་སྔོ་ཚལ་སོས་པ་ཟ་ཐུབ་ཆེད། བོད་སྐྱོར་ལས་བྱེད་པ་རྒྱ་ཚ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་ཨན་ཧྭ་ཡིས་རིགས་གཅིག་མཁས་ཅན་ཁྲིད་དེ་རྫོང་གཞན་གྱི་ས་བབ་མཐོ་བའི་ཤང་དུ་ཉམས་མྱོང་སྦྱོང་བར་ཕྱིན་པས། མཐར་ས་བབ་མཐོ་ཚད་སྨི་4100ཡོད་པའི་སར་སུར་པན་དང་ཆི་ཙི་སོགས་སྔོ་ཚལ་སོས་པ་བཏབ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི“སྔོ་ཚལ་སོས་པ་དཀོན་པའི”གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་པ་རེད།

ཚན་རྩལ་ལ་བརྟེན་ནས་བོད་སྐྱོར་གྱིས་མང་ཚོཌ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ།

ལོ་གཉིས་རིང་། ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཁྱིམ་དར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱས་ནས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། ཞིང་འབྲོག་པའི་འདེབས་གསོའི་རྟེན་གཞིར་ཁྲིད་ནས་ཤིང་ཏོག་ལན་མའེ་དང་ཟར་མ་སོགས་ཀྱི་དཔལ་འབྱོར་སྐྱེ་དངོས་འདེབས་སྟངས་གསོ་སྦྱོང་ཐེངས་60ལྷག་ཙམ་བྱས་པས། ཞིང་འབྲོག་པ་5000ལྷག་ཙམ་ལ་ཚན་རྩལ་ལག་རྩལ་ཤེས་ནས་ཤིང་ཏོག་ལན་མའེ་དང་ཟར་མ་བཏབ་པ་ཁོ་ན་ལས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་220ལྷག་ཙམ་བྱུང་ཡོད། མིག་སྔར། དབྱི་ཁྲང་ནས་ལོ་ལྟར་རིགས་གཅིག་མཁས་ཅན་13ཙམ་ཡོང་གི་ཡོད་ཅིང་། དེ་དག་ཞིང་འབྲོག་དང་། འཕྲོད་བསྟེན། སྡོད་ཁང་འཛུགས་སྐྲུན། བདེ་འཇགས་ལྟ་སྐུལ། ཁོར་ཡུག་སྲུང་སྐྱོང་། འཕེལ་སྒྱུར། སློབ་གསོ་སོགས་གཙོ་གནད་དམངས་འཚོའི་ལས་རིགས་ལ་ཁྱབ་ཡོད།

སློབ་གསོར་རོགས་སྐྱོར་བྱས་པས་རྒྱ་ཚའི་སློབ་གསོའི་བྱ་གཞག་གི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། དབྱི་ཁྲང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པས་སྔ་རྗེས་སུ་ས་གནས་དེ་གའི་སློབ་གསོའི་ཁོངས་གཏོགས་སུ་སློབ་མ་དང་། དགེ་རྒན། སློབ་གསོའི་ཐོན་ཁུངས་བཅས་རིམ་པ་གསུམ་གྱི་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་སྤེལ་རེས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། དབྱི་ཁྲང་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན་20ལྷག་ཙམ་གྱིས་བོད་དུ་སློབ་ཚན་འཁྲིད་པར་ཡོང་བ་དང་རྒྱ་ཚ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་24དབྱི་ཁྲང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་བསྐྱོད་ནས་སློབ་སྦྱོང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།

སྨན་བཅོས་ལ་རོགས་སྐྱོར་བྱས་པས་རྒྱ་ཚའི་མི་དམངས་ཀྱི་གཟུགས་པོའི་བདེ་ཐང་འགན་ལེན་བྱས་ཤིང་། དབྱི་ཁྲང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་རྒྱ་ཚར“ཨང་དང་པོ”མང་པོ་བཏོད་ནས་རྫོང་སྨན་ཁང་གིས་གཤགས་བཅོས་བྱེད་མྱོང་མེད་པའི་ཟིན་ཐོ་བཏོར་ནས་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ནུས་ལྡན་ངང་འགན་ལེན་བྱས་པ་རེད།

འབྲི་ཆུ་དང་ཡར་ཀླུང་གཙང་པོ་གཅིག་ཏུ་སྦྲེལ། དབྱི་ཁྲང་དང་རྒྱ་ཚའི་སྤུན་ཟླའི་བརྩེ་སེམས་ཟབ། ལོ་གཉིས་རིང་། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པས་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་ནས་རྒྱ་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མིག་སྔར་ཁོང་ཚོས་ངར་ཤུགས་ཆེན་པོ་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་ས་མཐོར་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད་པ་རེད།

 

 

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།