ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས27ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ10པའི་ཟླ་དཀྱིལ་ནས་ཟླ12པའི་ཟླ་མཇུག་བར་རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་རང་ལྗོངས་ཀྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་དཔེ་བཟང་དྲིལ་བསྒྲགས་དང་། ཀུན་སྤྱོད་དཔེ་བཟང་གོང་དུ་བཀུར་བ། ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་། ཀུན་སྤྱོད་དཔེ་བཟང་ལ་བརྩོན་ལེན་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།

རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱ་རྒྱུའི་བྱེད་སྒོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལིའུ་ཡུན་ཧྲན་གྱིས་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་དང་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རང་ལྗོངས་ཀྱིས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། གནས་ཚུལ་འཕྲིན་སྤེལ་དང་། རྒྱས་འཕྲིན། དཔྱད་གཏམ། ཆེད་དོན་གནས་ཚུལ་སྤེལ་གཏོང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་རང་ལྗོངས་ཀྱི་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་བྱས་རྗེས་ཕྱོགས་མང་དང་ཟུར་ཚད་མང་བའི་སྒོ་ནས་དྲིལ་བསྒྲགས་བཅས་བྱས་ཡོད། གསར་འགྱུར་འཕྲིན་སྤེལ་གྱི་གཙོ་གནད་མངོན་གསལ་དོད་པ་དང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཆེད་དོན་གནས་ཚུལ་སྤེལ་གཏོང་གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ཟིལ་ཤུགས་ཆེན་པོ་ལྡན་པ། དྲ་རྒྱའི་དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཡོད་པ་དང་སྐོར་གཡེང་དྲིལ་བསྒྲགས་ཞུགས་རྒྱ་ཆེ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ། དྲིལ་བསྒྲགས་འཕྲིན་སྤེལ་གྱི་བྱེད་སྒོ་ཧྲིལ་པོ་དུས་ཡུན་རིང་བ་དང་། མ་འཇོག་ཤུགས་ཆེ་བ། མ་ཡིག་གཏོང་གྲངས་མང་བ། མ་ཡིག་སྤུས་ཚད་ལེགས་པ་བཅས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་རིགས་ཁག་གི་མ་ཡིག100ལྷག་ཙམ་བཀོད་པའི་ནང་བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱི་མ་ཡིག་4དང་། རང་སྐྱོང་ལྗོངས་སྨྱན་སྦྱོར་གྱི་མ་ཡིག30ས་ཁུལ་དང་གྲོང་ཁྱེར་སྨྱན་སྦྱོར་གྱི་མ་ཡིག60་བཅས་དང་ས་ཁུལ་དང་སྡེ་ཚན་ཁག་གི་རྩ་འཛུགས་སྐོར་གཡེང་འཆད་ཁྲིད་ཐེངས50ལྷག་ཙམ་བྱས་པ་དང་མི1000ཙམ་ཞུགས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།