ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུ་ནི་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་དམིགས་ཚད་ཡིན་ལ་ང་ཚོ་མི་རབས་འདིའི་གཟི་བརྗིད་ཆེ་བའི་འགན་འཁྲི་ཡང་རེད། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་རྗེས་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གི་ལས་བྱེད་ལས་བཟོ་ཚོས་བྱ་ཐབས་སྣ་མང་ལ་བརྟེན་ནས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པའི་རྨང་གཞིའི་ཐོག་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་འགན་འཁུར་ཕོད་པ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད་པ་རེད།

ཉེ་དུས་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་ཚོགས་འདུ་ཐེངས་33འཚོགས་པ་རེད། ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཅིག་གྱུར་ཡོང་བ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་རང་ས་གནས་དང་རང་སྡེ་ཚན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ངང་དགོས་གཏུགས་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་ཏན་ཏན་ཏིག་ཏིག་དང་། བདེན་འཚོལ་དངོས་སྒྲུབ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ཐོག་ནས་ཆབ་མདོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ཚན་རིག་དང་མཐུན་པའི་ངང་བཀོད་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་འབད་བརྩོན་བྱ་རྒྱུའི་ནན་བཤད་བྱས་པ་རེད།

ཚེས23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་དུ་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏིང་ཡུང་གིས《ཕྱོགས་ཡོངས་ནས་བོད་འབྱོར་འབྲིང་དུ་བསྐྲུན་ཐུབ་པར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཅིང་ཁུངས་འཕེར་བའི་དཔྱད་གཞི་འབོར་ཆེན་ལ་བརྟེན་ནས་དོན་ཟབ་གོ་སླ་དང་ཤེས་སླའི་ཐོག་ནས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་གསལ་འགྲེལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཚོགས་པས་ཚོགས་ཆུང་གཉིས་ལ་བགོས་ནས་གཞིས་རྩེ་གྲོང་ཁྱེར་གྱི་རིན་སྤུངས་དང་། རྣམ་གླིང་། བཞད་མཐོང་སྨོན། ལྷ་རྩེ། ངམ་རིང་། ས་དགའ། འབྲོང་པ་སོགས་རྫོང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད།

ཉིན་ཤས་གོང་ལྗོངས་ནོར་སྲིད་ཐིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་རང་སྐྱོང་ལྗོངས་འཆད་ཁྲིད་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ལི་ཧུང་གདན་དྲངས་ནས་བརྗོད་བྱ་གཙོ་བོ་ཟུར་ཁྲིད་བྱས་པ་རེད། ལི་ཧུང་གིས་ལྗོངས་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་འཕྲད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། མཛུབ་ཁྲིད་ཀྱི་དགོངས་པ། གཞི་རྩའི་རྩ་དོན། འཕེལ་རྒྱས་ཀྱི་དམིགས་ཚད་བཅས་ལ་གནད་ལ་འཁེལ་བའི་དབྱེ་ཞིབ་དང་གསལ་འགྲེལ་བྱས་པ། “ལྔ་འཕེལ་རྒྱས་ཀྱི་འདུ་ཤེས”ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་དགོས་ངེས་རང་བཞིན་ལ་དབྱེ་ཞིབ་ནན་ཏན་བྱས་པ། གཙོ་གནད་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་དང་དོན་འཁྱོལ་བྱ་ཐབས་ཐད་ཞིབ་ཅིང་ཕྲ་བའི་རྒྱས་བཤད་བྱས་པ་རེད། ཚོགས་འདུའི་ཐོག་ཐིང་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྡེ་ཚན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་དམ་འཛིན་ཡག་པོ་བྱས་ཐོག་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། ཉིང་བཅུད་ཁོང་དུ་ཆུད་པ་བྱེད་པ། དོན་སྙིང་རྟོགས་པ་བཅས་གང་ཐུབ་བྱས་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བྱེད་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཚོགས་འདུའི་དགོངས་དོན་དེ་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་སྟོབས་ཆེའི་སྒུལ་ཤུགས་དང་དོན་དངོས་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་འཛིན་པའི་དམིགས་བསལ་གྱི་ནོར་སྲིད་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་སྔར་བས་གང་ལེགས་སྤྱད་དེ་སྔོན་རྩིས་ཀྱི་དོ་དམ་ནན་པོར་ཤུགས་སྣོན་བརྒྱབ་ནས་ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་། མི། བྱ་བ་བཅས་ལ་དོ་དམ་བྱེད་པ་དང་མ་དངུལ་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་སྟེ་ཚོགས་འདུའི་དགོངས་དོན་དེ་ལྗོངས་ཡོངས་ཀྱི་ནོར་སྲིད་བྱ་གཞག་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་ཐོག་སྔ་བར་ཕྱི་གསུམ་དུ་ཁྱབ་པར་བྱས་ནས་འཆར་འགོད་སྔར་བས་ཚན་རིག་དང་མཐུན་པ་དང་། སྔར་བས་ཕུན་སུམ་ཇེ་ཚོགས། སྔར་བས་ཀྲུང་དབྱང་གི་དགོངས་དོན་དང་བོད་ཀྱི་དོན་དངོས་དང་འཚམ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།